News
March 2025
March 9, 2025
09
࿑ ཕྱི་ལོ། ༢༠༢༥ ཟླ། ༣ ཚེས། ༩ རེས་གཟའ་ཉི་མའི་ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་རྒྱལ་སྤྱི་གནམ་ཐང་དུ་ཆིབས་བསྒྱུར་སྐྱངས་སྐབས་བལ་ཡུལ་དགེ་ལྡན་སྨོན་ལམ་ཆེན་མོ་ཐེངས་སོ་གསུམ་པའི་གོ་སྒྲིག་ལྷན་ཚོགས་དང་། བལ་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད། བལ་ཡུལ་ཁུལ་གྱི་དགོན་སྡེ་ཁག་དང་། བཙུན་མའི་དགོན་པ་དེ་བཞིན་སེར་སྐྱ་མི་དམངས་ནས་ཕེབས་བསུ་སེར་སྦྲེང་གི་སྔོན་བསུས་ཏེ་བལ་ཡུལ་ཀོ་པན་དགོན་གྱི་གཙུག་ལག་ཁང་དུ་ཕེབས་གདོང་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུ་སྐབས་ཀྱི་སྐུ་པར། །
H.E. Ling Rinpoche arrived to Kopan Monastery in Kathmandu, Nepal where he received a warm reception from the representatives of the Central Tibetan Administration (CTA), the President of the Gelug Association and Gelug Monlam, all the heads of Gelug monasteries and nunneries, and other local representatives.
Rinpoche will lead the 33rd Nepal Gelug Monlam and give teachings and initiations.
View H.E. Ling Rinpoche’s arrival
































March 7, 2025
07
H.E. Ling Rinpoche visited Drepung Loseling Jangchup Choeling Monastery in Laxmi Nagar-Delhi where he gave a teaching on The Eight Verses of Thought Transformation and bestowed the oral transmission of The Principal Aspects of the Path.
Drepung Loseling Jangchup Choeling offered a long life prayer, led by Khensur Rinpoche Lobsang Samten, the recent Abbot of Drepung Loseling Monastery in South India.
The event was attended by the CTA’s Secretary of the Department of Religion and Culture, members of the Tibetan Parliament-in-Exile, representatives of all monastery administrators, local leaders of the Delhi Tibetan community and the general public.
View H.E. Ling Rinpoche’s welcome.
























February 2025
February 28, 2025
28
࿑ ཕྱི་ལོ། ༢༠༢༥ ཟླ་བ། ༢ ཚེས། ༢༨ དང་བོད་ཤིང་སྦྲུལ་གནམ་ལོ་གསར་དུ་བཞད་པའི་ཚེས་གཅིག་གི་རྟེན་འབྱུང་གི་དགའ་སྟོན་ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་མཆོག་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་གངས་ཅན་ལྷ་གཅིག་ཕྱག་ན་པདྨོའི་གསེར་ཞལ་མཇལ་སྐབས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་འབྲེལ་མགོན་པོ་གང་ཉིད་སྐྱེ་འགྲོ་སྤྱི་དང་། རང་ཅག་གངས་ཅན་པ་རྣམས་ཀྱི་མགོན་སྐྱབས་དཔུང་གཉེན་དམ་པར་སྐུ་ཚེ་ཞབས་པད་སྲིད་མཐའི་བར་དུ་བརྟན་པ་དང་། མྱུར་དུ་རང་ཡུལ་གངས་ཅན་ལྗོངས་སུ་ཞབས་སོར་བཀའ་དྲིན་སྐྱོང་བ་ཞེས་གསོལ་འདེབས་ཞུ་སྐབས་དེ་དོན་བཞིན་བཀའ་བཞེས་བཟང་པོ་སྤྱི་བོར་ཕེབས་པ་དང་། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་འབྲལ་མེད་རྗེས་སུ་བཟུང་བའི་གསོལ་འདེབས་ཞུ་སྐབས་ཐུགས་དགྱེས་ཚོར་ཆེན་པོས་ཞལ་བཞེས་གནང་བ་བཅས་སྐལ་བཟང་དུས་ཀྱི་ཉིན་མོའི་སྐུ་པར། །
On the auspicious occasion of Losar, the Tibetan New Year, H.E. Ling Rinpoche had a precious audience with His Holiness the Great 14th Dalai Lama of Tibet. During this profound and heartfelt meeting, H.E. Ling Rinpoche made a sincere request for His Holiness to live long for the benefit of all sentient beings.
Rinpoche also fervently prayed: “In lifetime after lifetime, without interruption, until I reach the stage of complete enlightenment, may I never be separated from your holy presence, guidance and blessings. May I always be able to perfectly follow your precious advice.”
His Holiness accepted H.E. Ling Rinpoche’s heartfelt request.
Such a moment was deeply significant, marking an auspicious beginning to the new year and reinforcing the timeless bond between His Holiness the Dalai Lama and H.E. Ling Rinpoche.
May these prayers be swiftly fulfilled of the benefit of all!

February 28, 2025
28
H.E. Ling Rinpoche wishes everyone on this Tibetan New Year day, a joyful, healthy and prosperous Wood Snake Year. May this new year bring wisdom and compassion to you and your loved ones. May your days be filled with peace, happiness and abundance.
Let us pray for the long life for His Holiness the Dalai Lama, whose boundless wisdom and compassion continue to guide us. Losar Tashi Delek!
February 23, 2025
23
࿑ ཕྱི་ལོ། ༢༠༢༥ ཟླ་བ། ༢ ཚེས། ༢༣ རེས་གཟའ་ཉི་མའི་ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་མཆོག་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་བོད་སྒར་བསམ་ཡས་གླིང་དུ་རྒྱལ་བ་ཚེ་དཔག་མེད་མ་ཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་དང་། འཇུག་ཏུ་བླང་དོར་གྱི་བཀའ་སློབ་ཆེ་སྩལ་སྐབས་སུ་སྒྲོན་པའི་སྐུ་པར། །
H.E. Ling Rinpoche bestowed the Buddha Amitayus Long Life Initiation (Tsewang) and gave a talk at Samyeling Tibetan Settlement in Majnu-Ka-tila, Delhi.
View brief video of H.E. Ling Rinpoche’s visit.


































February 23, 2025
23
H.E. Ling Rinpoche arrived at Samyeling Tibetan Settlement in Manju-ka-tilla, Delhi where a very warm reception was held with great joy and reverence, led by representatives of His Holiness the Dalai Lama’s Bureau Office – Delhi, along with the monastery administrators, settlement representatives and various organizations’ representatives, together with school students and the general public.

February 19, 2025
19
࿑ ཕྱི་ལོ། ༢༠༢༥ ཟླ་བ། ༢ ཚེས། ༡༩ རེས་གཟའ་ལྷག་པའི་ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་མཆོག་ནས་
བྷན་དྷ་ར་ནོར་རྒྱས་གླིང་གཞིས་ཆགས་སུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་དང་། བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་འཇུག་ཏུ་འདི་ཕྱི་ཀུན་ཏུ་དགེ་བའི་བླང་དོར་གྱི་བཀའ་སློབ་སྩལ་སྐབས།
H.E. Ling Rinpoche bestowed the White Tara Long Life Initiation (Tsewang), the teaching on Eight Verses of Thought Transformation, and offered valuable advice to the people of Norgyeling Tibetan Settlement in Bhandara, Maharashtra.






























February 18, 2025
18
࿑ ཕྱི་ལོ། ༢༠༢༥ ཟླ་བ། ༢ ཚེས། ༡༨ རེས་གཟའ་མིག་དམར་ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་མཆོག་རྒྱ་གར་བྷན་དྷ་ར་ནོར་རྒྱས་གླིང་གཞིས་ཆགས་སུ་ཆིབས་བསྒྱུར་སྐབས་ས་གནས་སྐུ་ངོ་གཞིས་མགོས་དབུས་ས་གནས་ཀྱི་ཚོགས་སྡེ་ཁག་གི་འགན་འཛིན་དང་། ས་གནས་སུ་ཡོད་པའི་དགོན་པ་ཁག་གི་མཁན་རིན་པོ་ཆེ་དང་སྤྲུལ་སྐུ་རྣམ་པས་དབུས་པའི་དགེ་འདུན་པ་རྣམ་པ་དེ་བཞིན་ས་གནས་ལྷ་མོ་ཚོགས་པ་དང་། དགེ་ལས་སློབ་ཕྲུག་རྣམ་པ། མི་མང་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུ་བཞིན་པ། །
H.E. Ling Rinpoche received a very warm and heartfelt welcome from the community of Norgyeling Ling Tibetan Settlement in Bhandara, Maharashtra.

















February 16, 2025
16
H.E. Ling Rinpoche visited Sambota School in Kollegal, where he was warmly welcomed with a traditional welcome. During the visit, Rinpoche gave a talk and bestowed the oral transmissions of The Praise to Manjushri (Gangloma) and the Tibetan Alphabet.
February 15, 2025
15
࿑ ཕྱི་ལོ། ༢༠༢༥ ཟླ། ༢ ཚེས། ༡༥ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ལས་ཁུངས་དང་། ཏྲེ་ཧོར་དར་རྒྱས་དགོན་པ་ཐུན་མོང་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་ཀོ་ལི་གྷལ་དོན་ལྡན་གླིང་ས་གནས་ཚོགས་ཁང་ཆེན་མོའི་ནང་དུ་བཀའ་གདམས་དགེ་བཤེས་གླང་རི་ཐང་པ་རྡོ་རྗེ་སེངྒེའི་གསུང་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་དང་། ཚེ་དཔག་མེད་མ་ཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་བཅས་བཀའ་དྲིན་ཆེ་སྩལ་དང་འཇུག་ཏུ་བཀའ་སློབ་སྩལ་དོན། ང་རང་ཚོ་རང་དབང་ལུང་པའི་ནང་ལ་སོ་སོའི་ཆོས་དང་རིགས་གཞུང་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱེད་ཡག་གི་གོ་སྐབས་ཚད་ཐོན་པོ་ཡོད་ཅིང་། རང་ཡུལ་གངས་ཅན་བོད་ནང་དེ་འདྲའི་གོ་སྐབས་མེད་ཀྱང་། རང་རིགས་སྤུན་ཟླ་ཚོས་མི་རིགས་ལ་བཅངས་པའི་ལ་རྒྱ་དང་། ལྷག་བསམ་འགྲན་དུ་མེད་པ་ཞིག་རེད་ཁོང་ཚོས་ཞི་རྒོལ་གྱི་འབོད་སྒྲ་ནི་བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་བྱེད་དགོས”དེ་དངོས་གནས་རླབས་ཆེན་པོ་རེད་ང་རང་ཚོ་གཙན་བྱོལ་ལ་ཡོད་པའི་བོད་མི་ཚོས་༸རྒྱལ་བ་རིན་པོ་ཆེས་སྔ་ཕྱི་བར་གསུམ་དུ་བཀའ་སློབ་ཕེབས་པ་རྣམས་སེམས་ལ་ངེས་པའི་ཐོག་ནས་ཁོང་ཚོའི་འགྲིན་ཚབ་པ་བྱེད་ཐུབ་དགོས་ཅེས་བཀའ་སྩལ། །
H.E. Ling Rinpoche gave a teaching on the Eight Verses of Thought Transformation and bestowed the Buddha Amitayus Long Life Initiation (Tsewang) at Dhondenling Tibetan Settlement in Kollegal. The event was organized by Dhondenling Settlement and Tehor Dhargye Monastery.






































