News
January 2025
January 17, 2025
17
༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་༸སྤྲུལ་རིན་པོ་ཆེ་མཆོག་ནས་ཉེ་ཆར་རང་ཡུལ་ཁ་བ་གངས་ཅན་གྱི་ལྗོངས་སུ་ས་ཡོམ་གྱི་གནོད་འཚེའི་ཁྲོད་འདས་གསོན་རྣམས་ལ་ཐུགས་གསོའི་གསུང་འཕྲིན་དང་། གཞིས་སུ་ཡོད་པའི་ཆོལ་གསུམ་སྤུན་ཟླ་ཡོངས་ནས་བོད་མི་རིགས་ཀྱི་འདུ་ཤེས་བརྟན་པོའི་ཐོག་སྙིང་སྟོབས་ཆེན་པོས་ཡ་ང་བའི་ས་ཡོམ་གྱི་གོད་ཆགས་ཕོག་ཡུལ་གྱི་ས་ཁུལ་ཁག་ལ་མྱུར་སྐྱོབ་དང་རོགས་རམ་གཟེངས་སུ་ཐོན་པ་གནང་བཞིན་པ་འདི་ནི་ཆེས་སྤོབས་པ་སྐྱེ་དགོས་པ་ཞིག་དང་། དཀའ་སྡུག་མཉམ་མྱོང་ཐོག་ལྷག་བསམ་ཁུར་དུ་ཁྱེར་བའི་ལས་ཁུར་བྱེད་པའི་དཔེ་མཚོན་འདི་བཞིན་རང་རིགས་ཚང་མས་དམིགས་དཔེར་བལྟས་ནས་༸རྒྱལ་བ་དོན་གྱི་བདག་པོས་བཀའ་སློབ་སྤྱི་ཕེབས་བཞིན་བོད་སྤྱི་བའི་རྩ་དོན་དང་། བོད་མི་རིགས་ཀྱི་ལ་རྒྱ་བརྟན་པོའི་ཐོག་མཐུན་ལམ་རྡོག་རྩ་གཅིག་བསྒྲིལ་བྱེད་དགོས་པའི་སྐོར་ལ་བཀའ་སློབ་སྩལ་བ། །
H.E. Ling Rinpoche speaks about his heartfelt appreciation for the unity and compassion shown by our brothers and sisters in Tibet while they recover from the recent earthquakes in Tibet.
Rinpoche expressed deep sympathy for all those affected, stating that the remarkable efforts to support and care for the victims during this challenging time are truly inspiring and a testament to the strength of our shared values.
H.E. Ling Rinpoche urges us, especially those in exile, to take this example to heart. The solidarity and selflessness demonstrated in Tibet serve as a powerful reminder of what we can achieve when we come together as one.
May we learn from this and strive to cultivate the same spirit of unity and care, supporting one another through all circumstances and preserving our collective strength.
January 7, 2025
07
࿑ རང་ཡུལ་ཁ་བ་གངས་ཅན་གྱི་ལྗོངས་སུ་ས་ཡོམ་གྱི་གནོད་འཚེས་གོད་ཆགས་ཤུགས་ཆེའི་་ཁྲོད་རང་རིགས་སྤུན་ཟླ་མང་པོ་ཤི་རྨས་བྱུང་བར་ཡིད་གདུང་དང་བཅས་ས་ཡོམ་གོད་ཆགས་ཁྲོད་རྐྱེན་འདས་སུ་སོང་བ་རྣམས་མྱུར་དུ་ཟུང་འཇུག་རྒྱལ་བའི་གོ་འཕང་ཐོབ་པ་དང་། ཤུལ་ལུས་རྣམས་ཀྱི་དངངས་སྐྲག་དཀའ་སྡུག་མཐའ་དག་ཞི་ནས་ཚེ་ལྷག་དོན་ལྡན་ཡོང་བ། འབྱུང་བཞིའི་གནོད་འཚེ་མྱུར་དུ་ཞི་ནས་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སྤྱོད་པའི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་སྨོན་འདུན་ཤུགས་དྲག་དང་བཅས། །
ཡོངས་འཛིན་ཁྲི་ཆེན་གླིང་སྤྲུལ་མིང་པས། །
Message from H.E. Ling Rinpoche:
My deepest sympathy and prayers are with all those who have lost their lives, loved ones, and homes, as well as those who have been injured in this tragic event. My heart is with all of you in this time of immense sorrow.
May the strength and love of our global community, along with the blessings of the Three Jewels, support and guide you through this difficult time.
With unwavering prayers,
Ling Rinpoche
December 2024
December 29, 2024
29
࿑ རྒྱལ་རབས་ལོ་རྒྱུས་ལྡན་ཞིང་ཆོས་དང་རིག་གཞུང་གིས་ཕྱུག་པའི་བླ་མ་སྤྱན་རས་གཟིགས་དབང་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་དད་དམ་གཡོ་བ་མེད་པར་ཡོངས་སུ་གྲགས་ཤིང་ཕྱི་འཁོར་ཡུག་གཙང་ལ་ནང་བཅུད་ཀྱི་མི་མང་རྣམས་ཡ་རབས་སྤྱོད་བཟང་ལྡན་པའི་ལ་དྭགས་ཀྱི་ལྗོངས་འདིར་ལོ་གསར་པའི་ནང་སྔར་བས་ཀྱང་བདེ་སྐྱིད་ལྡན་ཞིང་། བསམ་དོན་ཡིད་བཞིན་དུ་འགྲུབ་པར་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་ཤུགས་དྲག་དང་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། །
H.E. Ling Rinpoche shares very warm wishes for a joyful and prosperous Ladakhi Losar! May the new year bring peace, happiness, success and the continued practice of Dharma to you and your loved ones. Julley!
December 25, 2024
25
༈ ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༡༢ ཕྱི་ཚེས་ ༢༥ དགའ་ལྡན་ལྔ་མཆོད་ཆེན་མོའི་དུས་ཚེས་ཁྱད་པར་ཅན་དང་། གངས་ཅན་ཕྱག་ན་པདྨོའི་རིགས་ཀྱི་ཅོད་པན་ཡོངས་འཛིན་ཁྲི་ཆེན་གླིང་སྤྲུལ་རྡོ་རྗེ་འཆང་ཆེན་པོའི་དགོངས་རྫོགས་དུས་དྲན་གཉིས་འདི་ལོར་སྟབས་གཅིག་ཏུ་ཁེལ་བས་དེའི་ཉིན་མོར་རྒྱུད་སྨད་མཁན་ཟུར་ཨོ་རྒྱན་ཚེ་བརྟན་རིན་པོ་ཆེའི་ཡང་སྤྲུལ། སེར་བྱེས་མཁན་ཟུར་བཀའ་འགྱུར་བ་བློ་བཟང་ཐུབ་བསྟན་རིན་པོ་ཆེའི་ཡང་སྤྲུལ། སེར་བྱེས་མཁན་ཟུར་བློ་བཟང་དཔལ་ལྡན་རིན་པོ་ཆེའི་ཡང་སྤྲུལ་བཅས་བླ་བྲང་དུ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཇལ་བཅར་ཞུས་པ་དང་། དེ་བཞིན་ལྷན་རྒྱས་ནས་དགའ་ལྡན་ལྔ་མཆོད་ཆེན་མོའི་སྣང་གསལ་མར་མེ་ལྷན་དུ་ཞལ་འབྱེད་གནང་སྐབས་ཀྱི་སྐུ་པར་ཁག་ཅིག། །
On the auspicious Je Tsongkhapa Day of Ganden Ngamchod, H.E. Ling Rinpoche commemorated the parinirvanas of Je Tsongkhapa and His Holiness Kyabjé Yongzin Ling Rinpoche, the Principal Teacher to His Holiness the Great 14th Dalai Lama.
H.E. Ling Rinpoche was joined by the three reincarnations of Khensur Kagyurwa, Khensur Ugyen Tseten, Khensur Lobsang Palden, from Sera Jey at his residence in Dharamsala.
Watch a brief video of the visit.









December 25, 2024
25
On Christmas Day, H.E. Ling Rinpoche participated in the Je Tsongkhapa Day (Ganden Ngamchod) prayer ceremony led by His Holiness the Great 14th Dalai Lama, which included Tsog offerings to honor Je Tsongkhapa. The ceremony was held at the Main Tibetan Temple (Thekchen Choeling Tsuglagkhang) in Dharamsala.









December 25, 2024
25
H.E. Ling Rinpoche wishes all a meaningful day of practice, prayers and virtue on this auspicious occasion of the anniversary of the passing into parinirvana of two great masters, Je Tsongkhapa and His Holiness the 6th Kyabjé Yongzin Ling Rinpoche Let’s reflect on their extraordinary contributions and enduring impact on the path of Dharma.
December 24, 2024
24
H.E. Ling Rinpoche sends his love, blessings and prayers to everyone for a joyful, peaceful and very happy holiday season and abundant year in 2025!
December 9, 2024
09
༄༅། །དུས་གསུམ་རྒྱལ་བ་ཀུན་ལས་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་༧གོང་ས་༧སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་ནོ་ཝེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་སུམ་བཅུ་སོ་ལྔ་འཁོར་བའི་དུས་དྲན་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་དང་མགོན་པོ་གང་ཉིད་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་མཐའ་དག་ལྷུན་གྱི་འགྲུབ་པའི་སྨོན་འདུན་ཤུགས་དྲག་དང་བཅས།
ཡོངས་འཛིན་གླིང་སྐྱེ་མིང་པས།།
H.E. Ling Rinpoche and everyone at Yongzin Lingstang Labrang heartedly celebrate the 35th anniversary of His Holiness the Dalai Lama receiving the Nobel Peace Prize!
November 2024
November 29, 2024
29
༄༅། །འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་འི་ཞལ་སྔ་ནས་དགའ་ལྡན་ཁྲི་རབས་བརྒྱ་དང་ལྔ་པའི་མཚན་བཞེས་གནང་བར་དགའ་གུས་དྭངས་པའི་ཡིད་ཀྱི་འཚམས་འདྲི་གྲངས་མེད་ཞུ་བ་དང་ཆབས་ཅིག་དགའ་ལྡན་ལུགས་བཟང་གསེར་སྦྱངས་གཙོ་མ་ལྟ་བུ་འདི་ཉིད་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། མགོན་པོ་གང་ཉིད་སྐུ་བགེགས་ཀྱི་མཚན་མ་ཅི་མཆིས་རང་སར་ཞི་ནས་བསྟན་འགྲོའི་མགོན་དུ་སྐུ་ཚེ་ཞབས་པད་སྲིད་མཐར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱི་འགྲུབ་པའི་སྨོན་འདུན་དང་བཅས། །ཕྱི་ལོ། ༢༠༢༤ ཟླ་བ། ༡༡ ཚེས། ༢༥ ཉིན། ཡོངས་འཛིན་གླིང་སྤྲུལ་མིང་པས། །
Message from H.E. Ling Rinpoche:
With profound respect and heartfelt joy, I offer my warmest congratulations to the newly appointed Gaden Tripa, His Eminence Lobsang Dorjee Rinpoche, on assuming the esteemed position of the 105th Gaden Throne Holder, the highest seat of the revered Gelug tradition.
This momentous occasion marks a continuation of the unbroken lineage of wisdom, compassion, and leadership that has inspired countless beings across generations. Your unwavering dedication to upholding the sacred teachings of Je Tsongkhapa and your tireless commitment to the preservation and flourishing of the Dharma are truly worthy of the highest admiration.
May your tenure as Gaden Tripa radiate as a beacon of hope and benefit for all sentient beings, and may the Gelug tradition continue to thrive under your wise and compassionate leadership. I pray for your excellent health, long life, and the boundless success of your virtuous endeavors.
With deepest reverence,
Ling Rinpoche
November 22, 2024
22
H.E. Ling Rinpoche sends warmest wishes for a joyous Lhabab Duchen! On this holy day, as we commemorate the anniversary of Guru Shakyamuni Buddha’s descent from the God Realm of Thirty-Three, may Buddha’s blessings inspire success in all your Dharma endeavors. Let us celebrate this auspicious occasion with gratitude and devotion!