PAGE NEWS News – Ling Rinpoche

News – Ling Rinpoche

News

February 2023

February 18, 2023

Feb
18

࿑ ཕྱི་ལོ། ༢༠༢༣ ཟླ་བ། ༢ ཚེས། ༡༨ ཉིན། རྒྱ་གར་དབུས་རིག་གཞུང་བློན་ཆེན་ལས་ཁུངས་ཀྱི་ཁྱབ་ཁོངས་ཨིན་དྷར་གྷན་དྷི་རྒྱལ་སྤྱིའི་རྒྱུ་སྩལ་ལྟེ་གནས་ཁང་དུ་སོག་ཡིག་ཐོག་བསྒྱུར་གནང་བའི་བཀའ་འགྱུར་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་བཀའ་སློབ་སྩལ་ཅིང་། མཛད་སྒོའི་ཐོག་ས་སྐྱ་ཁྲི་འཛིན་ཞེ་གསུམ་པ་༸ཛྙན་བཛྲ་རིན་པོ་ཆེ་མཆོག་དང་། རྒྱ་གར་དབུས་གཞུང་གི་ཕྱི་འབྲེལ་དང་རིག་གཞུང་བློན་ཆེན་གཞོན་པ་ལྕམ་སྐུ་མིནཀཤི་ལེ་ཁི་མཆོག ཌོཀ་ཊོར་ཝི་ན་ཡེ་སཧཱ་ས་ཏ་ར་བྷུ་ཏི་མཆོག། ཌོཀ་ཊོར་ས་ཆི་དྷ་ན་འཇོ་ཤི་མཆོག། འཛམ་གླིང་རྒྱལ་སྤྱི་ནང་པའི་ལྷན་ཚོགས། ལྡི་ལི་བོད་ཁང་གི་སྐུ་ཚབ། སོག་པོའི་གཞུང་ཚབ་ཀྱི་སྐུ་ཚབ། ཀོ་རི་ཡའི་བླ་ཆེན་ཁག་བཅས་མཉམ་བཞུགས་ཀྱིས་མཛད་སྒོ་བསྲུང་བརྩི་ཞུ་སྐབས་ཀྱི་སྐུ་པར།

On February 18th, H.E. Ling Rinpoche presided as Chief Guest over the presentation ceremony of 108 Mongolian Kanjur volumes, organized by the Government of India – Ministry of Culture’s National Mission for Manuscripts under IGNCA, in Delhi. The event was also attended by honorable guests Smt Meenakshi Lekhi, MoS Ministry of Culture and External Affairs, the 43rd Sakya Trizin Gyana Vajra Rinpoche, Dr. Vinay Sahashrabudhe, Chairman of ICCR MEA, Dr. Sachchidan and Joshi Members, Secretary of IGNC, Shri Suresh Soni (ICCS), Dr. Ashish Bhave Director (ICS), a representative of the Mongolian Embassy, a representative of the Tibet House Delhi, Mr. Abhijit Halder DG, Mr. Tsering Wangchug ED of the International Buddhist Confederation and many other national and international dignitaries.

February 18, 2023

Feb
18

࿑ ཕྱི་ལོ། ༢༠༢༣ ཟླ་བ། ༢ ཚེས། ༡༨ ཉིན། རྒྱ་གར་དབུས་གཞུང་རིག་གཞུང་ལྷན་ཁང་གི་ཁྱབ་ཁོངས་ཨིན་དྷར་གྷན་དྷི་རྒྱལ་སྤྱིའི་རྒྱུ་སྩལ་ལྟེ་གནས་ཁང་དུ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་༸ ཛྙན་བཛྲ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་རྣམ་གཉིས་ལྷན་སྒྲོན་གྱི་སྐུ་པར།

On 18th February, H.E. Ling Rinpoche met with the 43rd Sakya Trizin Gyana Vajra at the presentation ceremony for the 108 Mongolian Kanjur volumes in Delhi.

February 15, 2023

Feb
15

࿑ ཕྱི་ལོ། ༢༠༢༣ ཟླ་བ། ༢ ཚེས། ༡༥ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་བོད་ཀྱི་ཟློས་གར་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་དྷ་ས་བོད་ཀྱི་ཟློས་གར་ལ་ཆིབས་བསྒྱུར་སྐབས་རྔོན་པ་སོགས་ལྷ་མོའི་འཁྲབ་སྟོན་ཁག་ཅིག་་གཟིགས་འབུལ་དང་། ཚོགས་ཁང་སོགས་ལ་རབ་གནས་དང། དགེ་ལས་ཚོགས་མི་རྣམས་ལ་བཀའ་སློབ་སྩལ་སྐབས་ཀྱི་སྐུ་པར།།

On 15th of February, H.E. Ling Rinpoche was invited to the Tibetan Institute of Performing Arts (TIPA) in Dharamsala, where he gave a talk to the teachers, staff and students on the importance of preserving Tibetan culture.

January 2023

January 22, 2023

Jan
22

On 22nd January, H.E. Ling Rinpoche sends warm wishes and blessings for the Lunar New Year. May all be smooth and your wishes fulfilled!

January 3, 2023

Jan
03

࿑ ཕྱི་ལོ། ༢༠༢༣ ཟླ་བ། ༠༡ ཚེས། ༣ ཉིན་སྔ་འགྱུར་བསྟན་པའི་གསལ་བྱེད་༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེའི་ཡང་སྤྲུལ་ངག་དབང་བསྟན་འཛིན་ཆོས་ཀྱི་བློ་གྲོས་རབ་གསལ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་མཇལ་བཅར་སྐབས་སུ་སྒྲོན་པའི་སྐུ་པར།

On 3rd January, H.E. Ling Rinpoche received a visit from the reincarnation of Kyabjé Trulshik Rinpoche at Gaden Phelgyal Ling Monastery, Bodh Gaya, Bihar.

January 2, 2023

Jan
02

࿑ ཕྱི་ལོ། ༢༠༢༣ ཟླ་བ། ༠༡ ཚེས། ༢ ཉིན་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཀོ་རི་ཡའི་དགོན་(Buhnwangsa Jogye order Korea) གནས་གཟིགས་སུ་ཆིབས་བསྒྱུར་བསྐྱངས་སྐབས་དགོན་པའི་མཁན་པོ་དང་པཱ་ལིའི་ཆོས་བརྒྱུད་འཛིན་པའི་དགེ་འདུན་པ་རྣམས་ནས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུ་བཞིན་པའི་སྐབས་ཀྱི་སྐུ་པར།།

On 2nd January, H.E. Ling Rinpoche visited the International Sati School for Meditation and the Bunhwangsa of Jogye Order of Korea, in Bodh Gaya, Bihar.

January 1, 2023

Jan
01

On January 1st, H.E. Ling Rinpoche received a visit from Kalu Rinpoche at Gaden Phelgyal Ling Monastery, Bodh Gaya, Bihar.

December 2022

December 30, 2022

Dec
30

࿑ གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ལ་ོ། ༢༠༢༢ ཟླ་བ། ༡༢ ཚེས། ༢༩ ནས། ཕྱི་ལ་ོ། ༢༠༢༣ ཟླ་བ། ༠༡ ཚེས། ༡ བར་༸གོང་ས་༸ སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་དང་། བྱང་ཆུབ་སེམས་འགྲེལ། སྒྲོལ་མ་ཉེར་གཅིག་གི་རྗེས་གནང་དང་། བརྟན་བཞུགས་བཅས་ལ་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་བཅར་སྐབས་ཀྱི་སྐུ་པར།།

On 29-31st December, H.E. Ling Rinpoche attended teachings with His Holiness the Dalai Lama at the Kalachakra Teaching Ground in Bodh Gaya, Bihar. His Holiness gave a three-day teaching on Nagarjuna’s “Commentary on Bodhichitta” and conferred the Blessing of 21 Taras.

December 29, 2022

Dec
29

࿑ ཕྱི་ལོ། ༢༠༢༢ ཟླ་བ། ༡༢ ཚེས། ༢༨ ཉིན་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་རྣམ་གཉིས་གནས་མཆོག་རྡོ་རྗེ་གདན་དུ་མཇལ་འཕྲད་མཛད་ཅིང་ཕན་ཚུན་དམ་པའི་ཆོས་ཀྱི་བཀའ་མཆིད་ལྷུག་པར་གྲོལ་སྐབས་སུ་སྒྲོན་པའི་སྐུ་པར།།

On 29th December, H.E. Ling Rinpoche visited Lama Thubten Zopa Rinpoche at FPMT’s Root Institute in Bodh Gaya, Bihar. Rinpoche gave a brief teaching and oral transmission to the students at Root Institute during his visit.

December 25, 2022

Dec
25

࿑ ༸གོང་ས་སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་སྐུའི་ཡོངས་འཛིན་ཆེ་བ་ཁྲི་ཆེན་གླིང་སྤྲུལ་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་དཔལ་བཟང་པོ་མཆོག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བཞེས་པའི་དུས་ཚེས་ཉིན་མགོན་པོ་གང་གི་སྐུ་གསུང་ཐུགས་ཀྱི་མཛད་པ་རྣམ་ཐར་རྗེས་སུ་དྲན་པའི་སྒོ་ནས་དགོངས་རྫོགས་དུས་དྲན་བསྲུང་བརྩི་ཞུ།།

25th December commemorates the parinirvana of His Holiness the 6th Kyabjé Yongzin Ling Rinpoche, Principal Tutor to His Holiness the 14th Dalai Lama. We pay homage to the beloved spiritual master’s extraordinary enlightened activities and pray that all of His wishes be fully realized.