PAGE NEWS News – Ling Rinpoche

News – Ling Rinpoche

News

November 2022

November 13, 2022

Nov
13

࿑ ཕྱི་ལོ། ༢༠༢༢ ཟླ་བ། ༡༡ ཚེས། ༡༤ཉིན་ ༸སྐྱབས་རྗེ་དྭགས་པ་རིན་པོ་ཆེའི་ཡང་སྲིད་བསྟན་འཛིན་འཇིགས་མེད་བཤད་སྒྲུབ་རིན་པོ་ཆེ་མཆོག་དྷ་ས་ཡོངས་འཛིན་གླིང་ཚང་བླ་བྲང་དུ་་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་མཇལ་ཞུའི་སྐབས་ཀྱི་སྐུ་པར།།

On 13th November, H.E. Ling Rinpoche received a visit from the reincarnation of Kyabjé Dhakpa Tritul Rinpoche, for a small ceremony at Ling Labrang in Dharamsala.

November 5, 2022

Nov
05

࿑ ཕྱི་ལོ། ༢༠༢༢ ཟླ་བ། ༡༡ ཚེས། ༥ ཉིན་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ཧྲིལ་བོ་བཅུ་འཁོར་བའི་དུས་དྲན་གྱི་མཛད་སྒོར་རྒྱ་གར་དབུས་གཞུང་རིགས་གཞུང་ལྷན་ཁང་དང་། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ནས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཛད་སྒོའི་དབུ་བཞུགས་སུ་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་ཆིབས་བསྒྱུར་གྱིས་བཀའ་སློབ་སྩལ་སྐབས་ཀྱི་སྐུ་པར།།

On 5th November, H.E. Ling Rinpoche was invited to preside over the International Buddhist Confederation’s 10th anniversary celebration in Delhi. Rinpoche delivered a speech commending the Government of India for its support of the IBC, a Global Buddhist Network which has made significant efforts to unite and promote communication among Buddhists around the world.

October 2022

October 26, 2022

Oct
26

࿑ ཕྱི་ལོ། ༢༠༢༢ཟླ་བ། ༡༠ ཚེས། ༢༦ ཉིན་བོད་ཕྲུག་ཁྱིམ་སྡེའི་ལས་སློབ་ངོ་ཟུར་དང་། བྱང་ཨ་རི་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་ནས་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་དག་སྣང་གསང་བ་རྒྱ་ཅན་ལས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་མཁའ་འགྲོའི་བསུན་ཟློག་དང་འབྲེལ་བའི་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་རྡོ་རྗེ་སློབ་དཔོན་མཛད་དེ་མཎྜལ་ལྗགས་བཤད་དང་། སྐུ་གསུང་ཐུགས་རྟེན་འདེགས་འབུལ། བཀྲ་ཤིས་རྫས་རྟགས་སོགས་འབུལ་སྐབས་ཀྱི་སྐུ་པར།།

On the morning of 26th October, H.E. Ling Rinpoche led a Long Life Prayer (Tenshug) for His Holiness the Great 14th Dalai Lama of Tibet, offered by the global Tibetan Children’s Village (TCV) family and the North American Tibetan Associations (NATA), at the Main Temple in Dharamsala, India.

October 23, 2022

Oct
23

࿑ ཕྱི་ལོ། ༢༠༢༢ཟླ་བ། ༡༠ ཚེས། ༢༣ ཉིན་ ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་༦༢ འཁོར་བའི་དུས་དྲན་མཛད་སྒོའི་དབུ་བཞུགས་སུ་ཆིབས་བསྒྱུར་གྱིས་བཀའ་སློབ་ཆེ་སྩལ་དང་གཟེངས་བསྟོད་གསོལ་་རས་སྩལ་མཛད་ཅིང་དེ་རྗེས་ས་གནས་གཞན་ནས་ཕེབས་པའི་བོད་ཁྱིམ་སློབ་གྲྭའི་འགྲེམས་སྟོན་ཁག་ལ་གཟིགས་ཞིབ་དང་། གཞས་སྣ་གཟིགསའབུལ་ཞུས་པར་ཐུགས་དགྱེས་གཟིགས་གནང་བཞིན་པའི་སྐབས་ཀྱི་སྐུ་པར།།

On 23rd October, H.E. Ling Rinpoche presided as the Chief Guest at the Upper Tibetan Children’s Village’s (UTCV) 62nd founding anniversary and celebration of Kasur Ama Jetsun Pema’s service to the institute where she was presented a gratitude award. The celebration was also graced by leaders from the three pillars of Tibetan democracy (CTA) and other dignitaries.

October 21, 2022

Oct
21

ཕྱི་ལོ། ༢༠༢༢ ཟླ་བ། ༡༠ ཚེས། ༢༡ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་དྷ་ས་ཡོངས་འཛིན་གླིང་ཚང་བླ་བྲང་དུ་ཝི་ཏི་ནམ་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་དབང་བཀའ་དྲིན་སྩལ་སྐབས་ཀྱི་སྐུ་པར།།

On 21st October, H.E. Ling Rinpoche bestowed the White Tara Long Life initiation and gave a teaching to a group visiting from Vietnam, at his residence in Dharamsala.

October 12, 2022

Oct
12

࿑ སོག་ཡུལ་ཀུན་ཁྱབ་འཇམ་དཔལ་གླིང་ཆོས་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་་ནས་ཕྱི་ལོ། ༢༠༢༢ཟླ་བ། ༡༠ ཚེས། ༡༢ ཉིན་ཕྱག་འཚལ་སྒྲོལ་མ་ཉེར་གཅིག་གི་བསྟོད་པ་དང་། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་བཅས་ཀྱི་ལྗགས་ལུང་དང་དེ་བཞིན་བཀའ་སློབ་བཀའ་དྲིན་སྩལ་་སྐབས་ཀྱི་སྐུ་པར།།

On 12th October, H.E. Ling Rinpoche gave the oral transmissions of Samantabhadra’s Aspirations (King of Prayers) and the Praises to 21 Taras, at Kunchav Jampaling Centre in Mongolia.

October 11, 2022

Oct
11

࿑ ཕྱི་ལོ། ༢༠༢༢ཟླ་བ། ༡༠ ཚེས། ༡༡ ཉིན་སོག་ཡུལ་ནང་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་ནས་གདན་ཞུ་གསོལ་འདེབས་ཞུ་དོན་ལྟར་་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་་ལ་གཞུང་ཚབ་ཆེན་མོ་སྐུ་ཞབས་ཨེམ་པེ་སེང་སྟན་ཞལ་ནས་གཞུང་ལས་ཁང་དུ་གསོལ་ཇ་བཞེས་ཏོག་འདེགས་འབུལ་ཞུ་སྐབས་ཀྱི་སྐུ་པར།།

On 11th October, H.E. Ling Rinpoche was invited to High Tea at the Embassy of India in Mongolia, with the Ambassador of India to Mongolia.

October 11, 2022

Oct
11

࿑ སོག་ཡུལ་ཀུན་དགའ་ཆོས་གླིང་གྲྭ་ཚང་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་་ནས་ཕྱི་ལོ། ༢༠༢༢ཟླ་བ། ༡༠ ཚེས། ༡༡ ཉིན་དེ་གའི་གཙུག་ལག་ཁང་དུ་བླ་མ་མཆོད་པའི་གསོལ་ཚོགས་མཉམ་འབུལ་གནང་ཞིང་དེ་རྗེས་རྟེན་འབྲེལ་བསྟོད་པ་དང་། བསྟོད་པ་དོན་ལྡན་མ། བསོད་ནམས་ཛམྦུ་བཅས་ཀྱི་ལྗགས་ལུང་བཀའ་དྲིན་སྩལ་སྐབས་ཀྱི་སྐུ་པར།།

On the morning of October 11th, H.E. Ling Rinpoche gave the Oral Transmissions for Lama Tsongkhapa’s In Praise of Dependent Arising, Kunchog Tenpe Dronme’s Meaningful Praises and Sonam Dzambu – Penchen’s Lobsang Drakpa’s Supplications by 6th Kyabje Yongzin Ling Rinpoche, followed by a short Long Life Offering by Gungaa Choeling Dratsang, Gandan Tegchenling Monastery – The Centre of Mongolian Buddhists.

October 11, 2022

Oct
11

࿑ ཕྱི་ལོ། ༢༠༢༢ཟླ་བ། ༡༠ ཚེས། ༡༡ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་སོག་ཡུལ་རྒྱལ་ས་ཨུ་ལམ་བྷ་དྷུར་་རྟེན་གཞི་བྱས་པའི་ཨེ་ཤེ་ཡ་ནང་པའི་ཞི་བདེ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ལས་ཁུངས་་སུ་ཆིབས་བསྒྱུར་གྱིས་ཚོགས་པའི་སྤྱི་ཁྱབ་་དྲུང་ཆེ་ཏཱ་བླ་མ་མཆོག་དངམཇལ་འཕྲད་ཀྱིས་་དེ་གའི་ལས་བྱེད་ཁག་ལ་བཀའ་སློབ་སྩལ་་སྐབས་ཀྱི་སྐུ་པར།།

On the morning of 11th October, H.E. Ling Rinpoche visited the Asian Buddhist Conference for Peace (ABCP), an entity in relationship with the United Nations Educational, Scientific and Cultural Organization (UNESCO), headquartered at Gandan Tegchenling Monastery – The Centre of Mongolian Buddhists, during his recent trip to Mongolia.

October 10, 2022

Oct
10

࿑ སོག་ཡུལ་FPMTཆོས་ཚིགས་ནས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་་ནས་ཕྱི་ལོ། ༢༠༢༢ཟླ་བ། ༡༠ ཚེས། ༡༠ ཉིན་དུས་འཁོར་གྲྭ་ཚང་དུ་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་པ་ཚིགས་སུ་བཅད་པ་ཕན་བདེའི་ཆར་འབེབས་དང་། གཟུངས་སྔགས་ཡི་གེ་དྲུག་མའིལྗགས་ལུང་། དེ་བཞིན་མ་ཎི་དུང་སྒྲུབ་གནང་བར་བསྔགས་པ་དང་དེའི་ཕན་ཡོན་དང་འབྲེལ་བའི་སྐོར་ལ་བཀའ་སློབ་བཀའ་དྲིན་སྩལ་སྐབས་ཀྱི་སྐུ་པར།།

On the afternoon of 10th October, H.E. Ling Rinpoche gave oral transmissions of the Praise to Chenrezig and the Mani mantra to FPMT retreatants completing a 100 million Mani retreat at Kalachakra Monastery, Ganden Tegchenling Monastery in Mongolia – The Centre of Mongolian Buddhists.