PAGE NEWS News – Ling Rinpoche

News – Ling Rinpoche

News

December 2025

December 12, 2025

Dec
12

࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༢ ཚེས། ༡༢ ཉིན་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སུ་ཆིབས་བསྒྱུར་སྐབས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཕེབས་བསུའི་མཛད་སྒོར་བཅར་སྐབས། །

H.E. Ling Rinpoche participated in welcoming His Holiness the Great 14th Dalai Lama’s arrival to Drepung Monastery in Mundgod Tibetan Settlement, South India. A joyous event!

December 10, 2025

Dec
10

H.E. Ling Rinpoche arrived at Drepung Monastery and received a warm reception at Loseling Monastery from the Abbot, Lama Zhung-lay, the Disciplinarian, the Chanting Master, the Administrators, and others. A traditional tea and rice ceremony was also performed.

December 3, 2025

Dec
03

࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༢ ཚེས། ༣ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་མ་ལི་ཤི་ཡའི་རྒྱལ་ས་ཀུ་ལ་ལུམ་པོར་ནང་ཡོད་པའི་( Awakening Vajra ཆོས་ཚོགས་སུ་ཤེས་རབ་ཀྱི་ལྷ་མཆོག་རྗེ་བཙུན་འཇམ་དབྱངས་དཀར་པོའི་རྗེས་གནང་བཀའ་དྲིན་སྩལ་སྐབས། །

H.E. Ling Rinpoche visited and gave an initiation at Awakening Vajra International Centre in Kuala Lumpur.

December 2, 2025

Dec
02

࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༢ ཚེས། ༢ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་མ་ལི་ཤི་ཡའི་རྒྱལ་ས་ཀུ་ལ་ལུམ་པོར་ནང་ཡོད་པའི་(Heaven On Peaceful Earth) ཚོགས་པས་གོ་སྒྲིག་འོག་འཛམ་གླིང་ཐོག་གི་ཆོས་ལུགས་ཆེ་ཁག་ནང་པ་དང་། ཡི་ཤུ། ཧིན་རྡུ། ཁ་ཆེ། སིག། པར་སིལ་ཆོས་ལུགས་རིས་སུ་མཆིས་པ་དང་། ཆོས་ཁས་མི་ལེན་པའི་སྐྱེ་བོ་རྣམས་ལ་བདེ་སྐྱིད་དང་། བཟང་སྤྱོད་གོང་འཕེལ་གཏོང་ཐབས་བཀའ་སློབ་སྩལ་ཅིང་དེ་བཞིན་བཀའ་འདྲི་ཞུ་མཁན་རྣམས་ལ་བཀའ་ལན་སྩལ་སྐབས། །

H.E. Ling Rinpoche gave a talk and a Q&A session on Emotional Healing and Psychotherapy at the HOPE (Heaven on Peaceful Earth) Healing Centre in Kuala Lumpur.

November 2025

November 30, 2025

Nov
30

H.E. Ling Rinpoche completed two days of teachings and a Medicine Buddha initiation, jointly organized by Kadam Tashi Choe Ling and Jewel Heart Dharma Centre in Kuala Lumpur.

November 27, 2025

Nov
27

࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༢༧ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་མ་ལི་ཤི་ཡའི་བློ་བཟང་གྲགས་པའི་ཆོས་ཚོགས་སུ་ཆིབས་བསྒྱུར་གྱིས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་ལམ་གྱི་གཙོ་བོ་རྣམ་པ་གསུམ་གྱི་བཀའ་ཆོས་བཀའ་དྲིན་ཆེ་སྩལ་སྐབས། །

H.E. Ling Rinpoche visited the Lobsang Dragpa Dharma Centre-FPMT in Kuala Lumpur, where he gave a teaching on The Three Principal Aspects of the Path to Enlightenment.

November 26, 2025

Nov
26

࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༢༦ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་མ་ལི་ཤི་ཡའི་ཤཀྱ་མུ་ནི་ཆོས་ཚོགས་སུ་ཆིབས་བསྒྱུར་གྱི་མཆོད་རྟེན་ལ་རབ་གནས་དང་འདུ་ཁང་དུ་གནས་གཟིགས་དེ་བཞིན་བཀའ་སློབ་ཆེ་སྩལ་སྐབས། །

H.E. Ling Rinpoche visited the Shakyamuni Dharma Centre in Kuala Lumpur, where he gave a talk and bestowed transmissions of various mantras. The evening concluded with a dinner event kindly offered by the centre.

November 25, 2025

Nov
25

࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༢༥ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་མ་ལི་ཤི་ཡའི་རྒྱལ་ས་ཀུ་ལ་ལུམ་བུའི་(KYCO)དུ་བྱང་ཆུབ་སེམས་ཀྱི་ངོ་སྤྲོད་དང། ཕན་ཡོན་སྐོར་ལ་བཀའ་ཆོས་སྩལ་ཅིང་དེ་བཞིན་བཀའ་འདྲི་ཞུ་མཁན་རྣམས་ལ་བཀའ་ལན་སྩལ་སྐབས།

H.E. Ling Rinpoche visited Kuan Yin Contemplative Order (KYCO) Dharma Centre in Kuala Lumpur, Malaysia, headed by Sifu Tony Wong, and gave a teaching on the Benefits of Bodhichitta, followed by a Q&A session.

November 23, 2025

Nov
23

࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༢༢ ནས་བཟང་ཉིན་གྲངས་གཉིས་རིང་ ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་མ་ལི་ཤི་ཡའི་རྒྱལ་ས་ཀུ་ལ་ལུམ་བུའི་(the Malaysian Chinese assembly hall)ཚོགས་ཁང་དུ་རྡོ་རྗེ་ཐེག་པའི་ཆོས་ཚོགས་ཀྱི་དབུས་ས་གནས་སུ་ཡོད་པའི་ཆོས་ཚོགས་ཁག་གི་གོ་སྒྲིག་ཞུས་ཏེ་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཁྲིད་དང་། འཕགས་མཆོག་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་གི་རྗེས་གནང་བཀའ་དྲིན་སྩལ་སྐབས། །

H.E. Ling Rinpoche gave two days of teachings on The 37 Practices of a Bodhisattva and the sacred Thousand-Arm Avalokiteshvara empowerment, at an auspicious gathering filled with wisdom and compassion at the Chinese Assembly Hall in Kuala Lumpur, Malaysia, hosted by the Vajrayana Buddhist Council of Malaysia and seven other Dharma centers of Kuala Lumpur.

November 21, 2025

Nov
21

མ་ལི་ཤི་ཡེའི་་མཛད་འཆར།

࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༢༡ ཉིན་ ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་མ་ལི་ཤི་ཡའི་ཀུ་ལ་ལུམ་བུ་( Kuala Lumpur)

རྒྱལ་སྤྱིའི་གནམ་ཐང་དུ་ཆིབས་བསྒྱུར་སྐབས་རྡོ་རྗེ་ཐེག་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་དང་། (Vajrayana Buddhist Council of Malaysia )ཚོགས་གཞོན་གྱི་དབུས་ས་གནས་སུ་ཡོད་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་དང་། དགེ་བཤེས་ལགས། ཚོགས་མི་རྣམས་པ། དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་རྣམ་པས་ལག་ཟུང་དྲི་ཞིམ་མེ་ཏོག་སྤོས་སྣེ་དང་བཅས་དགའ་བསུའི་འཚམས་འདྲི་ཞུ་སྐབས། །

H.E. Ling Rinpoche arrived in Kuala Lumpur, Malaysia and was warmly welcomed at the airport by the Presidents and Vice Presidents of the Vajrayana Buddhist Council of Malaysia, along with representatives from all the Gelug Dharma centers in the city.

Later on the arrival day, the various organizers for the Malaysia visit joyfully wished H.E. Ling Rinpoche a very happy birthday by singing Happy Birthday in English and Chinese.