PAGE NEWS News – Ling Rinpoche

News – Ling Rinpoche

News

August 2022

August 1, 2022

Aug
01

On 1st August, the auspicious day of Chokhor Duchen celebrating Buddha’s first turning of the Wheel of Dharma, H.E. Ling Rinpoche concluded two days of teachings on the Four Noble Truths, bestowments of the Medicine Buddha initiation and White Tara Long Life initiation, followed by a Tsog offering and monks performing a debate at Tawang Monastery, organized by Thubten Shedrubling Foundation and Tawang Monastery.

August 1, 2022

Aug
01

H.E. Ling Rinpoche sends his prayers and rejoices in all your virtuous activities on Chokhur Duchen!

July 2022

July 31, 2022

Jul
31

On 31st July, H.E. Ling Rinpoche bestowed the Medicine Buddha Initiation at Tawang Monastery, organized by Thubten Shedrubling Foundation.

July 30, 2022

Jul
30

࿑ ཕྱི་ལོ། ༢༠༢༢ ཟླ་བ། ༧ ཚེས། ༣༠ ཉིན་མོན་མི་དམངས་ཚོགས་པ་དང་། གཞུང་ཞབས་ཐུན་མོང་ནས་གོ་སྒྲིག་འོག་མོན་རྟ་དབང་ཀ་ལ་དབང་པོའི་ཚོགས་ཁང་དུ་ ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་རྟ་དབང་རྫོང་དཔོན་སོགས་གཞུང་ཞབས་མི་སྣ་དང་། འབྲིང་རིམ་སློབ་ཕྲུག་རྣམས་ལ་”དཀའ་ཚེགས་ཆེ་བའི་དུས་སུ་བདེ་སྐྱིད་ཇི་ལྟར་བསྐྲུན་ཚུལ་”ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ཆེ་སྩལ་མཛད་ཅིང་། དེ་རྗེས་བཀའ་འདྲི་ཞུ་མཁན་རྣམས་ལ་བཀའ་ལན་སྩལ་སྐབས་བཅས་ཀྱི་སྐུ་པར།

On 30th July, H.E. Ling Rinpoche gave a talk at Kalawangpo, Tawang on “How to Find Happiness in Troubled Times” followed by a Q&A Session for government employees and students of the Mon region, organized by Monpa Mimang Tsogpa and Tawang Monpa Employee’s Society.

July 29, 2022

Jul
29

࿑ ཕྱི་ལོ། ༢༠༢༢ ཟླ་བ། ༧ ཚེས། ༢༩ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་མོན་ཐུབ་བསྟན་བཤད་སྒྲུབ་གླིང་དང་། བསྟན་འགྱུར་སློབ་གྲྭ་དབུ་འབྱེད་བཀའ་དྲིན་བསྐྱངས་ཤིང་། མཛད་སྒོའི་ཐོག་བཀའ་སློབ་སྩལ་དོན་ན་གཞོན་ཚོས་བཀའ་བསྟན་གྱི་གཙོས་ནང་དོན་རིག་པའི་དོན་དཔྱིས་ཕྱིན་པར་ཤེས་པ་ལ་བོད་ཡིག་རྨང་གཞི་ཐོག་ངེས་པར་དུ་སྦྱོང་གལ་ཆེ་བའི་སྐོར་བཀའ་སློབ་སྩལ། དེ་རྗེས་གཞས་སྣ་གཟིགས་ཞིབ་གནང་སྐབས་བཅས་ཀྱི་སྐུ་པར།

On 29th July, H.E. Ling Rinpoche was invited as Chief Guest at the opening ceremony of the newly constructed Tengyur School and Thubten Shedrupling Buddhist Center in Tawang, AP. Rinpoche consecrated the site and gave a talk to the audience, which included many ordained sangha, dignitaries and members of the public.

July 27, 2022

Jul
27

࿑ ཕྱི་ལོ། ༢༠༢༢ ཟླ་བ། ༧ ཚེས། ༢༧ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་མོན་རྟ་དབང་དུ་ཆིབས་བསྒྱུར་སྐབས་རྟ་དབང་དགོན་པའི་མཁན་རིན་པོ་ཆེ། ཐུབ་བསྟན་བཤད་སྒྲུབ་གླིང་གི་བསྟན་འགྱུར་རིན་པོ་ཆེ། འཇམ་དབྱངས་ཆོས་གླིང་གི་མཁན་རིན་པོ་ཆེ། ས་གནས་རྫོང་དཔོན། ས་གནས་ཡུལ་དཔོན་སོགས་དང་དེ་བཞིན་སེར་སྐྱ་མི་དམངས་བཅས་ནས་ཕེབས་བསུ་གཟབ་རྒྱས་དང་། གཙུག་ལག་ཁང་དུ་མཎྜལ་རྟེན་གསུང་འདེགས་འབུལ་ཞུས་ཅིང་ཕེབས་ལམ་དུ་བྷ་ལེང་པོང་། འབུམ་སྡེ་ལ། དྷི་རང་། སེངྒེ་རྫོང་། ཟེ་ལ། འཇང་བཅས་ས་གནས་ཁག་མང་པོར་ཕེབས་བསུ་སྣེ་ལེན་ཞུ་སྐབས་བཅས་ཀྱི་བརྙན་ཐུང་།

On 27th July, H.E. Ling Rinpoche was warmly welcomed to Mon Tawang and other places in Arunachal Pradesh, by the state government, local people and representatives of monasteries.

July 26, 2022

Jul
26

ཞྭ་སེར་བསྟན་པའི་མཛེས་རྒྱན་མཚུངས་མེད་སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་མོན་འབུམ་སྡེ་ལ་ཐུབ་མཆོག་དགའ་ཚལ་གླིང་གྲྭ་ཚང་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་འདུ་ཁང་གསར་བཞེངས་ལ་ཐུགས་སྨོན་རབ་གནས་མཛད་པའི་སྐུ་པར་འགའ་སྤྱན་འབུལ་ཞུས།

On 26th July, H.E. Ling Rinpoche was warmly welcomed at Thubchog Gatsel Ling where Rinpoche consecrated the newly constructed monastery and blessed all the ordained sangha and devotees.

July 20, 2022

Jul
20

࿑ ཕྱི་ལོ། ༢༠༢༢ ཟླ་བ། ༧ ཚེས། ༢༠ ཉིན། བྱང་ཨ་རི་དང་ཡུ་རོབ་ས་ཁུལ་ནས་དབྱར་དུས་བོད་ཀྱི་སྐད་དང་རིག་གཞུང་ལས་གཞིའི་ནང་ཕེབས་པའི་སློབ་མ་རྣམས་དྷ་ས་བླ་བྲང་དུ་ ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་མཇལ་བཅར་སྐབས་སུ་བཀའ་སློབ་དང་། བཀའ་འདྲི་ཞུ་མཁན་རྣམས་ལ་བཀའ་ལན་སྩལ་སྐབས་སུ་སྒྲོན་པའི་སྐུ་པར།

On 20th July, H.E. Ling Rinpoche gave an audience and advice with a Q&A session to the Summer Tibetan Studies Program Tibetan students from North America and Europe, organized by the Tibetan Children’s Village.

July 16, 2022

Jul
16

࿑ ཕྱི་ལོ། ༢༠༢༢ ཟླ་བ། ༧ ཚེས། ༡༦ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་དྷ་ས་བླ་བྲང་དུ་ཀོ་རི་ཡའི་དད་ལྡན་སྐྱ་སེར་རྣམས་ལ་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་དང་། དེ་བཞིན་ཀོ་རི་ཡའི་ནང་པའི་རླུང་འཕྲིན་བརྒྱུད་ཀོ་རི་ཡའི་དད་ལྡན་མི་དམངས་ཚོར་བཀའ་སློབ་གསུང་འཕྲིན་སྩལ་སྐབས་ཀྱི་སྐུ་པར།།

On 16th July, H.E. Ling Rinpoche gave a teaching on the Eight Verses of Thought Transformation to a group of nuns and lay people from South Korea, and spoke to Korean Buddhists via the Buddhist Television Network (BTN).

July 13, 2022

Jul
13

࿑ ཕྱི་ལོ། ༢༠༢༢ཟླ་བ། ༧ ཚེས། ༡༣ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་བཀའ་དང་པོ་བདེན་བཞི་ཆོས་འཁོར་བསྐོར་བའི་གནས་མཆོག་ཝ་ར་ཎ་སིར་མཆོད་རྟེན་རིན་པོ་ཆེ་བཅས་ལ་གནས་གཟིགས་ཕེབས་སྐབས་ཀྱི་སྐུ་པར།

On 13th of July, H.E. Ling Rinpoche paid respects to the Dhamekh Stupa in Sarnath, Varanasi, UP, where Buddha first turned the wheel of Dharma.