PAGE NEWS News – Ling Rinpoche

News – Ling Rinpoche

News

April 2026

April 27, 2026

Apr
27

࿑ ཕྱི་ལོ། ༢༠༢༦ ཟླ་བ། ༤ ཚེས། ༢༥ ནས་བཟུང་ཉིན་གྲངས་གཉིས་རིང་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་འཇར་མན་གྱི་གྲོང་ཁྱེར་མུ་ནིག་ (Munich) ས་གནས་སུ་ཡོད་པའི་ཨརྱ་ཏཱ་རེའི་ཆོས་ཚོགས་ཀྱི་ཚོགས་མིས་གཙོས་ས་གནས་ཀྱི་མི་མང་དང་། བོད་རིགས་སྤུན་ཟླ་རྣམ་པ། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་རྣམས་ལ་ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད་དང་། སྐྱབས་འགྲོ་དང་དགེ་བསྙེན་གྱི་སྡོམ་པ་བཀའ་དྲིན་ཆེ་སྩལ། དེ་བཞིན་སྤྱན་རས་གཟིགས་ཕྱག་བཞི་པའི་རྗེས་གནང་སྩལཅིང་། ས་གནས་སུ་ཡོད་པའི་བོད་རིགས་ཚོ་དང་མཇལ་ཕྲད་ཀྱི་མི་རིགས་མཐུན་བསྒྲིལ་གྱི་གལ་གནད་དང་རང་མི་རིགས་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱེད་དགོས་པའི་སྐོར་ལ་བླང་དོར་གྱི་བཀའ་སློབ་སྩལ་སྐབས། །

H.E. Kyabjé Yongzin Ling Rinpoche bestowed two days of teachings from April25th in Munich, Germany. The teachings were organized by members of the AryaTara Institut-FPMT and attended by local residents, Tibetan community members, and devoted followers from various countries.

Rinpoche gave teachings on the Seven-Point Mind Training (Lojong), and also compassionately conferred the Refuge vows and Lay vows. In addition, he granted the initiation (jenang) of the Four-Armed Chenrezig.

While meeting with the local Tibetan community, Rinpoche offered important advice on the need for unity among different communities and emphasized the importance of preserving one’s own language and cultural heritage without decline.

April 25, 2026

Apr
25

࿑ ཕྱི་ལོ། ༢༠༢༦ ཟླ་བ། ༤ ཚེས། ༢༥ ཉིན་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་འཇར་མན་གྱི་གྲོང་ཁྱེར་མུ་ནིག་ (Munich) ས་གནས་སུ་ཡོད་པའི་བོད་རིགས་ཚོ་དང་མཇལ་ཕྲད་ཀྱི་མཐུན་བསྒྲིལ་དང་རང་མི་རིགས་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱེད་དགོས་པའི་སྐོར་ལ་བླང་དོར་གྱི་བཀའ་སློབ་སྩལ་སྐབས།

H.E. Kyabjé Yongzin Ling Rinpoche met with the Tibetan Community in Munich.

Rinpoche gave advice emphasizing the importance of unity and harmony, and highlighted the need to preserve and sustain their own Tibetan language and cultural identity.

April 23, 2026

Apr
23

࿑ ཕྱི་ལོ། ༢༠༢༦ ཟླ་བ། ༤ ཚེས། ༢༣ ཉིན་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་འཇར་མན་གྱི་གྲོང་ཁྱེར་མུ་ནིག་ (Munich) རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་འཁོད་སྐབས། ཨརྱ་ཏཱ་རཱ་ཆོས་ཚོགས་ཀྱི་ཚོགས་མི་དང་། ས་གནས་བོད་རིགས་མི་མང་སོགས་ནས་དགའ་བསུའི་ངང་ནས་ཕེབས་བསུ་གཟབ་རྒྱས་ཞུ་སྐབས།།

H.E. Kyabjé Yongzin Ling Rinpoche was warmly received upon his arrival in Munich, Germany, by members of the AryaTara Institut-FPMT and the Tibetan community of Munich.

This commences Rinpoche’s 2 month Europe Tour over 9 countries.

April 15, 2026

Apr
15

༄༅། །ཕྱི་ལོ། ༢༠༢༦ ཟླ། ༤ ཚེས། ༡༥ ཉིན། ། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་བཙུན་དགོན་དགའ་ལྡན་ཆོས་གླིང་གི་ནང་བསྟན་སློབ་གཉེར་ཁང་གི་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་ཟིན་པའི་དབུ་འབྱེད་མཛད་སྒོའི་དབུ་བཞུགས་སུ་ཆིབས་བསྒྱུར་གྱིས་རྟེན་གཙོ་ཁག་ལ་སྙན་ཤལ་དང་། སྣང་གསལ་མར་མེ་ཞལ་འབྱེད་གནང་ཞིང་། དབུ་མ་རབ་འབྱམས་པའི་ཕྱག་འཁྱེར་གསོལ་སྩལ་དང་། དུས་རབས་འདི་དང་འཚམས་པའི་སོ་ཐར་གྱི་སྡོམ་པ་ཇི་ལྟར་སྲུང་ཚུལ་དང་། སོ་ཐར་གྱི་སྡོམ་པའི་ཕན་ཡོན་བཅས་ཀྱི་སྐོར་བཀའ་སློབ་གསོལ་སྩལ། བཙུན་མ་ཚོས་ཆོས་རའི་ནང་དམ་བཅའ་ཚོགས་བཞིན་པར་གཟིགས་སྐོར་གནང་སྐབས། །

On this auspicious day, H.E. Kyabjé Yongzin Ling Rinpoche graciously presided over the inauguration ceremony celebrating the successful completion of the newly constructed main temple (assembly hall) of the Buddhist Study Institute at Gaden Chöling Nunnery.

View highlights from the inauguration ceremony and visit.

On this occasion, Rinpoche conferred graduate degrees upon the nuns and offered profound teachings on the proper observance of the Pratimoksha (individual liberation) vows in accordance with the present time, along with an explanation of the immense benefits of upholding these vows.

Following the ceremony, Rinpoche visited the debate courtyard and observed the nuns engaging diligently in their philosophical debate sessions.

View highlights of H.E. Ling Rinpoche observing the nuns engaging in philosophical debates.

April 6, 2026

Apr
06

༄༅།། ཕྱི་ལོ། ༢༠༢༦ ཟླ་བ། ༤ ཚེས། ༦ ཉིན་འཕགས་ཡུལ་དྷ་རམ་ས་ལ་ཐེག་ཆོས་གླིང་གཙུག་ལག་ཁང་དུ་དཔལ་ལྡན་མཚུངས་མེད་དགའ་ལྡན་ཕོ་བྲང་ཡིག་ཚང་དང་། སྐུ་བཅར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག། རང་ལྡུམ་དགོན། ཕུག་ཐར་དགོན། ཀླུ་འཁྱིལ་དགོན། འབྲས་སྤུངས་སྒོ་མང་མངའ་རིས་ཁང་ཚན། དཀར་ཆ་དགོན། སྟོང་སྡེ་དགོན། མུ་ནེ་དགོན། ལིང་ཤེད་དགོན། ཟངས་དཀར་རྡོ་རྗེ་རྫོང་བཙུན་དགོན་བཅས་ཀྱི་སྐུ་ཚབ་སོགས་ནས་གོ་སྒྲིག་ཞུས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་མཆོག་གི་དགོང་རྫོགས་མཆོད་འབུལ་སྐབས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་རྣམ་གྲྭ་མཁན་རིན་པོ་ཆེ་དང་། རྒྱུད་སྟོད་མཁན་ཟུར་རིན་པོ་ཆེ། སེར་བྱེས་ཀེའུ་ཚང་རིན་པོ་ཆེ། རྣམ་གྲྭ་སློབ་དཔོན་སོགས་ཀྱི་དབུས་དགེ་འདུན་པ་བཙུན་མ་དེ་བཞིན་ཡབ་གཞིས་སྐུ་འཁོར་དང་སེར་སྐྱ་མི་མང་བཅས་ནས་བླ་མ་མཆོད་པའི་ཚོགས་མཆོད་དང་། མྱུར་བྱོན་གསོལ་འདེབས་སོགས་གསུང་འདོན་སྐབས། །

H.E. Ling Rinpoche presided over the commemorative 49th-day prayer offering (gongdzog) ceremony for the late Ngari Rinpoche Tenzin Choegyal, the younger brother of His Holiness the 14th Dalai Lama of Tibet, with the participation of Namgyal Khen Rinpoche, the former Abbot of Gyuto Monastery, Serjé Kewtsang Rinpoche, and the Lopon of Namgyal Monastery, at Thekchen Choeling Tsuglagkhang in Dharamsala. Also in attendance were monks and nuns, members of the Yabshi family, and a large gathering of lay devotees.

The prayers were organized by the Gaden Phodrang Office, Namgyal Monastery, various non-governmental organizations, and representatives from monasteries including Randum Monastery, Phuktar Monastery, Lukhil Monastery, Drepung Gomang Ngari Khangtsen, Karsha Monastery, Tongde Monastery, Mune Monastery, Lingshed Monastery, and Zangskar Dorje Dzong Monastery of Ladakh.

During the ceremony, Lama Chöpa (Guru Puja), tsok offerings, and prayers for the swift return of Rinpoche’s reincarnation were offered with heartfelt devotion.

View video highlights of the prayer offering ceremony.

April 6, 2026

Apr
06

༄༅།། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་མཆོག་ནི་སྐུ་ཚེ་ཧྲིལ་བོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ཚུལ་བཞིན་སྒྲུབ་ཏེ་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་མཛད་པ་དེ་ལས་ལྷག་པའི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་གཞན་མེད་པས་དྭངས་པས་ཡི་རངས་དང་འབྲེལ་སྨོན་ལམ་ཞུ་རྒྱུ་དང་། ལྷག་པར་གང་གི་གདུལ་བྱའི་སྡེ་དགོན་དང་། དེ་བཞིན་སེར་སྐྱ་མི་མང་རྣམས་ནས་དགོངས་རྫོགས་མཆོད་འབུལ་རྒྱ་ཆེར་ཞུས་པར་ཡི་རངས་བསྔགས་བརྗོད་དང་འབྲེལ་ཞི་བར་གཤེགས་པ་གང་གི་ཐུགས་དགོངས་ཟབ་མོ་རྣམས་ཡོངས་སུ་རྫོགས་ཤིང་འཁྲུལ་བྲལ་གྱི་ཡང་སྲིད་མྱུར་དུ་བྱོན་ཏེ་སྐུའི་ཚེ་རབས་ཕྲེང་བར་༸རྒྱལ་དབང་རིམ་བྱོན་གྱི་ཞབས་འདེགས་ཞུ་ཐུབ་པའི་སྨོན་ལམ་བཅས། །ཕྱི་ལོ། ༢༠༢༦ ཟླ་བ། ༤ ཚེས། ༦ ཉིན།།

H.E. Ling Rinpoche shared a sacred prayer by His Holiness the 14th Dalai Lama for the swift return of Ngari Rinpoche, invoking his quick rebirth to continue benefiting the Dharma and all beings.

April 2, 2026

Apr
02

H.E. Ling Rinpoche joined delegates from various countries at the Asian Buddhist Conference for Peace in Bodh Gaya. Together, they paid their respects at the sacred Mahabodhi Temple and offered prayers in this most holy place of enlightenment.

Rinpoche was warmly welcomed and received by the Mahabodhi Temple management, marking a meaningful moment of unity, devotion, and shared aspiration for peace among all beings.

View video highlights of the prayer offerings at Mahabodhi Temple on March 31st.

View video highlights of the visit to Mahabodhi Temple on April 2nd.

April 1, 2026

Apr
01

࿑ ཕྱི་ལོ། ༢༠༢༦ ཕྱི་ཟླ། ༤ ཚེས། ༡ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་མཉམ་མེད་ཐུབ་པའི་དབང་པོ་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་དུ་ཨེ་ཤེ་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་སུ་ཆིབས་བསྒྱུར་བསྐྱངས་པ་དང་མཛད་སྒོའི་ཐོག་གསུང་འཕྲིན་གནང་སྐབས་ཀྱི་སྐུ་པར།

H.E. Ling Rinpoche attended and delivered a speech at the Bodh Gaya Conclave, organized by the Asian Buddhist Conference for Peace, in the sacred land of enlightenment, Bodh Gaya.

Speaking on the theme “Bodhisattva, Wisdom and Compassion,” Rinpoche emphasized that true and lasting peace begins within—through cultivating compassion, understanding, and inner transformation.

On the occasion of His Holiness the Dalai Lama’s 90th birthday, Rinpoche paid tribute to his life as a shining example of non-violence, dialogue, and universal responsibility.

Drawing from India’s timeless wisdom of Ahimsa, Rinpoche highlighted its relevance in addressing today’s global challenges—reminding us that compassion can heal division, and non-violence can guide humanity toward a more harmonious future.

May wisdom and compassion guide us all.

March 2026

March 28, 2026

Mar
28

དེ་རིང་བཞུགས་སྒར་རྡ་ཤོད་ཀྱི་ས་གནས་སྤྱི་ཁང་དུ་ཆོས་ལུགས་མཐུན་འབྲེལ་གྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། སྐབས་དེར་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་སོང་།

H.E. Ling Rinpoche was invited as the Chief Guest for a Dharma gathering at the Town Hall in Dharamshala, where he shared a heartfelt message in the presence of Shri Dattatreya Hosabale Ji, General Secretary of the Rashtriya Swayamsevak Sangh (RSS).

Emphasizing unity, compassion, and spiritual values, Rinpoche highlighted India as a great spiritual civilization and spoke on the timeless relevance of Ahimsa (nonviolence) in today’s world.

Reflecting on the vision of His Holiness the 14th Dalai Lama, he encouraged the cultivation of compassion, interfaith harmony, and universal responsibility for a more peaceful and harmonious world.

May India continue to guide the world through its ancient wisdom.