PAGE NEWS News – Ling Rinpoche

News – Ling Rinpoche

News

February 2025

February 9, 2025

Feb
09

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༢ ཚེས། ༡༠ རེས་གཟའ་ཟླ་བའི་ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་མཆོག་ནས་འབྲས་སྤུངས་བློ་གསལ་གླིང་གླིང་ཁང་ཚན་དུ་ཆིབས་བསྒྱུར་བསྐྱངས་སྐབས་ཕེབས་བསུ་སེར་སྦྲེངས་དང་སྤྱན་རྒྱ་སྤོས་སྣེ་སྔོན་བསུས་ཏེ་ཁང་ཚན་གྱི་གཙུག་ལག་ཁང་དུ་གནས་གཟིགས་དང་འདུས་མངས་ལ་བཀའ་སློབ་སྩལ་སྐབས་ཀྱི་སྐུ་པར། །

H.E. Ling Rinpoche visited Ling Khangtsen, where he received a very warm welcome and reception. During the visit, Rinpoche gave a talk and congratulated all the monks who received their annual examination certificates.

February 9, 2025

Feb
09

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༢ ཚེས། ༩ ཉིན་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་མཁས་མངས་བློ་གསལ་བྱེ་བའི་གླིང་གྲྭ་ཚང་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་དཀར་སྤུངས་པའི་མཁས་མངས་བློ་གསལ་བྱེ་བའི་གླིང་གྲྭ་ཚངགི་ཆོས་རའི་ནང་དད་ལྡན་སེར་སྐྱ་མི་དམངས་ལ་ཚེ་དཔག་མེད་མ་ཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་བཀའ་དྲིན་ཆེ་སྩོལ་དང་། འཇུག་ཏུ་བླང་དོར་གྱི་བཀའ་སློབ་སྩལ་སྐབས་ཀྱི་སྐུ་པར།

H.E. Ling Rinpoche bestowed the Buddha Amitayus Long Life initiation (Tsewang) and gave a talk to a gathering of thousands of monks, nuns, and laypeople, organized by Drepung Loseling Monastery in the courtyard of Drepung Loseling Monastery in Mundgod, South India.

Watch brief video of the initiation.

February 8, 2025

Feb
08

࿑ ༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་འཕྲལ་བློ་ཕམ་ཤིན་ཏུ་ཆེན་པོ་བྱུང་ཁོང་གིས་སྐུ་ཚེ་ཧྲིལ་བོ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་བློས་གཏོང་ཆེན་པོ་གནང་ཅིང་། ལྷག་པར་དུ་བོད་མི་གཙན་བྱོལ་ལ་ཕེབས་པ་ནས་བཟུང་སྐུ་ངལ་འཛེམ་མེད་ཀྱི་ད་ལྟ་སྒྲིག་འཛུགས་འདི་འདྲ་ཡོང་བར་ཕྱག་ལས་རབ་དང་རིམ་པ་མང་པོ་གནང་ཡོད་ལ་བོད་རང་དབང་སླར་གསོའི་ཆེད་དུ་བོད་རྒྱ་ཞི་མོལ་སོགས་ཀྱི་ཐད་ལ་གྲུབ་འབྲས་ལེགས་སོན་གྱི་བོད་ནས་རྒྱ་གར་དུ་སློབ་གཉེར་སོགས་ལ་ཕེབས་མཁན་མགོ་ཚུགས་ཐུབ་ཡོད་པས་ཁོང་ལྟ་བུ་གློ་བུར་དུ་དགོངས་པ་རྫོགས་པ་ནི་བོད་སྤྱི་ལ་གྱོང་གུད་ཆེན་པོ་བྱུང་ཡོད་པས་ཁོང་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་དམ་པ་གང་གི་མཛད་བཟང་ལ་རྗེས་སུ་ཡི་རངས་ཞུ་བ་དང་ཆབས་ཅིག་བོད་མི་རིགས་ལ་ཕན་པའི་རླབས་ཆེན་གྱི་མཛད་རྗེས་ཁག་ལ་དཔེར་བལྟས་ནས་རང་རེའི་མི་རབས་གཞོན་པ་རྣམས་ཀྱི་བོད་སྤྱི་པའི་རྩ་དོན་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་བཞིན་སྒྲུབ་ཐུབ་པའི་ཞུམ་པ་མེད་པའི་སྙིངས་སྟོབས་དང་ལྷག་བསམ་འཁུར་བསྐྱེད་གནང་རོགས་ཞུ་རྒྱུ་ཡིན། །ཡོངས་འཛིན་ཁྲི་ཆེན་གླིང་སྐྱེ་མིང་པས་ཕྱི་ལོ། ༢༠༢༥ ཟླ་བ། ༢ ཚེས། ༨ ཉིན། །

Message from H.E. Ling Rinpoche:

With profound sadness, I was very saddened, and we mourn the passing of Prince Gyalo Dhondup, elder brother of His Holiness the 14th Dalai Lama, at the age of 97 — a legendary leader whose wisdom, strength, and compassion touched countless lives. His unwavering dedication and selfless service to Tibet and its people will be remembered forever.

His legacy of integrity, courage, and devotion will continue to inspire generations. We will always honor his tireless work for Tibet, his lifelong dedication to a free Tibet, and uphold the values he championed. His kindness to the Tibetan people will never be forgotten.

With prayers,

Ling Rinpoche

February 8, 2025

Feb
08

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༢ ཚེས། ༨ རེས་གཟའ་སྤེན་པའི་ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་མཆོག་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གདན་ས་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཤར་རྩེ་ལྷོ་པ་ཁང་ཚན་གྱི་གཙུག་ལག་ཁང་གསར་བཞེངས་རྟེན་དང་བརྟེན་པར་བཅས་ལེགས་པར་གྲུབ་པའི་རྟེན་འབྲེལ་དབུ་འབྱེད་དགའ་སྟོན་གྱི་མཛད་སྒོའི་དབུ་བཞུགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཤིང་དེ་བཞིན་ཁང་ཚན་གྱི་སློབ་གཉེར་བ་ཨང་རིམ་ལེགས་སོན་རྣམ་ལ་བྱ་དགའ་གསོལ་སྩལ་དང་། འདུས་མངས་ལ་བཀའ་སློབ་སྩལ་སྐབས་ཀྱི་སྐུ་པར།

H.E. Ling Rinpoche led the consecration and opening ceremony for the new prayer assembly hall of Gaden Shartse Lhopa Khangtsen and also gave a talk to the gathering of monks and guests.

February 7, 2025

Feb
07

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༢ ཚེས། ༧ རེས་གཟའ་པ་སངས་ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེས་དགུང་གྲངས་༩༧ ལ་ཕེབས་པའི་འབྲས་སྤུངས་མཁན་པོ་ཁྲི་པ་རྗེ་བཙུན་དཀོན་མཆོག་དཔག་བསམ་མཆོག་མཇལ་ཞུར་བཅར་སྐབས་གང་ཉིད་ནས་གསུང་དོན་”བདག་ཅག་གི་སྟོན་པ་མཉམ་མེད་ཤཀྱ་སེངྒེས་གནང་མེད་པ་ཅིག་ད་ལྟ་ང་ཚོའི་མགོན་སྐྱབས་དཔུང་གཉེན་བླ་ན་མ་མཆིས་པ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་འཛམ་བུ་གླིང་འདི་ལ་ཞི་བདེ་དང་ནང་པའི་ཆོས་ཀྱི་ངོ་སྤྲོད་གནང་ཡོད་རེད་དེ་ནི་དངོས་གནས་རླབས་ཆེན་རེད་ཅེས་གསུངས་དེ་བཞིན་ཕན་ཚུལ་བཀའ་མོལ་ལྷུག་པོར་སྩལ་སྐབས་སུ་སྒྲོན་པའི་སྐུ་པར། །

H.E. Ling Rinpoche met with the esteemed Khenpo Tripa Most Ven Kunchok Pasang, who is 97 years old. They shared a deeply meaningful and warm conversation, exchanging wisdom and insights. Their meeting was filled with mutual respect and joy, reflecting their lifelong dedication to the Dharma.

During their exchange, Khenpo Tripa of Drepung Monastery remarked that the work of His Holiness the Great 14th Dalai Lama has turned the wheel of Buddha Dharma across the world in a way that even the Buddha Himself had not done.

His words were a profound acknowledgment of His Holiness’ unparalleled efforts in preserving, revitalizing, and spreading the Buddha’s teachings far and wide, ensuring their continuity and relevance for generations to come.

February 6, 2025

Feb
06

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༢ ཚེས། ༦ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་མཆོག་འབྲས་སྤུངས་བློ་གསལ་གླིང་ཕུ་ཁང་ཁང་ཚན་དུ་ཆིབས་བསྒྱུར་བསྐྱངས་སྐབས་ཕེབས་བསུ་སེར་སྦྲེང་གི་གདན་ཞུས་དེ་བཞིན་ཁང་ཚན་འདུས་མངས་ཡོངས་ལ་བཀའ་སློབ་བཅས་དང་། རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་ཆེད་དུ་རྗེ་ཚེ་འཛིན་མ་དང་། དཔལ་ལྡན་ལྷ་མོའི་སྐུ་ཐང་བཅས་འབུལ་ལམ་ཞུས་ཅིང་། གཙུག་ལག་ཁང་གི་ཡང་ཐོག་ཏུ་དགུང་ཚིགས་གསོལ་སྟོན་གནང་སྐབས་བཅས་ཀྱི་སྐུ་པར།།

H.E. Ling Rinpoche visited Phukhang Khangtsen at Drepung Loseling Monastery where he received a warm reception and gave a talk to the monks.

February 5, 2025

Feb
05

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༢ ཚེས། ༥ རེས་གཟའ་ལྷག་པའི་ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེས་དགེ་བའི་བཤེས་གཉེན་ཆེན་པོ་རྒན་ཡོན་ཏན་རྒྱ་མཚོ་མཆོག་མཇལ་ཞུར་བཅར་སྐབས་སུ་སྒྲོན་པའི་སྐུ་པར། །

H.E. Ling Ling Rinpoche had an audience with the great scholar, most learned, and senior 93 year old Gen Yonten Gyatso at Drepung Monastery in South India.

February 4, 2025

Feb
04

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༢ ཚེས། ༤ རེས་གཟའ་མིག་དམར་ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེས་དགེ་བའི་བཤེས་གཉེན་ཆེན་པོ་རྒན་དཔལ་ལྡན་གྲགས་པ་མཆོག་མཇལ་ཞུར་བཅར་ཞིང་རྒན་མཆོག་ནས་ཐུགས་དགྱེས་ཚོར་ཆེན་པོས་ཕན་ཚུན་ནང་མཆེད་ཀྱི་བཀའ་མོལལྷུག་སྩོལ་སྐབས་སུ་སྒྲོན་པའི་སྐུ་པར། །

H.E. Ling Rinpoche had an audience with the great scholar, most learned, and senior-most 93 year-old Geshe Palden Dakpa at Drepung Monastery in South India.

February 2, 2025

Feb
02

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༢ ཚེས། ༢ རེས་གཟའ་ཉི་མའི་ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་་མཁས་མངས་བློ་གསལ་བྱེ་བའི་གླིང་གྲྭ་ཚང་དུ་བཀའ་སློབ་སྩལ་སྐབས་སུ་སྒྲོན་པའི་སྐུ་པར། །.

H.E. Ling Rinpoche gave a profound talk to a large gathering of Tulkus, Geshes and Monks of Drepung Loseling Monastery in Mundgod, India. At the conclusion, the monastery’s Disciplinarian expressed deep gratitude and fervently requested H.E. Ling Rinpoche to live long for the benefit of all beings.

Watch brief video here.

See visuals of the talk.

February 2, 2025

Feb
02

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༢ ཚེས། ༢ རེས་གཟའ་ཉི་མའི་ཉིན་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཁྲི་ཐོག་ཁང་དུ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་མཆོག་ནས་༸འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་ལྔ་པ་འབྲས་སྤུངས་བློ་གསལ་གླིང་ཚུལ་ཁང་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་མཇལ་བཅར་ཞུ་སྐབས་ཀྱི་སྐུ་པར། །

H.E. Yongzin Ling Rinpoche visited Gaden Tri Thokhang for an audience with the 105th Gaden Tripa at Gaden Monastery in Mundgod, Karnataka in South India.