H.E. Ling Rinpoche Meets with Kyabjé Tokden Rinpoche – Ling Rinpoche

Latest News

February 11, 2025

Feb
11

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༢ ཚེས། ༡༠ རེས་གཟའ་ཟླ་བའི་ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་མཆོག་ནས་༸སྐྱབས་རྗེ་རྟོགས་ལྡན་རིན་པོ་ཆེ་མཆོག་མཇལ་བཅར་སྐབས་ཕེབས་བསུ་གསེར་སྤྲེང་གཟབ་རྒྱས་དང་སྤོས་སྣེས་སྔོན་བསུས་ཏེ་ཚོམས་ཆེན་དུ་གདན་ཞུས་ཀྱིས་བཞུགས་ཁྲིར་འཁོད་མཚམས་གསོལ་ཇ་བཞེས་འབྲས་དང་མཎྜལ་སྐུ་གསུང་ཐུགས་རྟེན་འབུལ་སྐབས་སྐུ་རྟེན་རྒྱལ་བ་ཚེ་དཔག་མེད་དང་། གསུང་རྟེན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་གསེར་བྲིས་མ། ཐུགས་རྟེན་རྣམ་རྒྱལ་མཆོད་རྟེན་བཅས་འདེགས་འབུལ་ཞུས་ཅིང་༸སྐྱབས་རྗེ་རྟོགས་ལྡན་རིན་པོ་ཆེ་མཆོག་ནས་ཐུགས་སྨོན་དང་འབྲེལ་གསོལ་འདེབས་ཞུ་དོན། ༸རྒྱལ་བསྟན་སྤྱི་དང་བྱེ་བྲག་འཇམ་འགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་འདི་ཉིད་འཛིན་སྐྱོངས་སྤེལ་གསུམ་གནང་དང་གནང་བཞིན་པར་ད་དུང་མུ་འཐུད་ནས་ཐུགས་འཁུར་ཆེར་བསྐྱེད་གནང་རོགས་ཞེས་གསོལ་འདེབས་ཞུས་ཅིང་མཆོག་སྤྲུལ་རིན་པོ་ཆེ་ནས་ཀྱང་༸སྐྱབས་རྗེ་རྟོགས་ལྡན་རིན་པོ་ཆེ་མཆོག་བསྟན་འགྲོ་དོན་དུ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བཞིན་ཡོད་པར་ད་དུང་མུ་འཐུད་ནས་ཐུགས་འཁུར་བསྐྱེད་གནང་ཡོང་བ་དང་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་གསོལ་འདེབས་ཞུ་བཞིན་པའི་སྐབས། །

H.E. Ling Rinpoche visited Kyabjé Tokden Rinpoche and received a warm reception with a traditional rice tea ceremony. This was followed by a Body, Speech, and Mind Mandala offering by Kyabjé Tokden Rinpoche, along with a request to live long and continue turning the wheel of Dharma.

H.E. Ling Rinpoche also expressed his appreciation for Kyabjé Tokden Rinpoche’s Dharma activities and requested him to live long for the benefit of all sentient beings.

View brief reel of their exchange.

February 10, 2025

Feb
10

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༢ ཚེས། ༡༠ རེས་གཟའ་ཟླ་བའི་ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་མཆོག་འབྲས་སྤུངས་བློ་གསལ་གླིང་ཏྲེ་ཧོར་ཁང་ཚན་དུ་ཆིབས་བསྒྱུར་བསྐྱངས་སྐབས་ཕེབས་བསུ་སེར་སྦྲེང་གི་སྔོན་བསུས་ཏེ་ཁང་ཚན་གྱི་གཙུག་ལག་ཁང་དུ་གནས་གཟིགས་དང་འདུས་མངས་ལ་བཀའ་སློབ་སྩལ་ཅིང་ཁང་ཚན་གྱི་གནས་བརྟན་སྐུ་བགྲེས་རྣམས་དང་ལྷན་དུ་དགོང་དྲོའི་གསོལ་ཚིགས་འདེགས་འབུལ་ཞུ་སྐབས། །

H.E. Ling Rinpoche visited the Drepung Loseling Tehor Khangtsen where he received a very warm reception. Upon arrival, a traditional butter lamp welcome ceremony was held. Rinpoche then visited the main temple of the section, where he offered blessings and teachings to the assembly.

Later, Rinpoche inspected the residence and met with the senior monks of the Khangtsen, where a special dinner and prayer ceremony was offered in Rinpoche’s honor.

February 9, 2025

Feb
09

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༢ ཚེས། ༡༠ རེས་གཟའ་ཟླ་བའི་ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་མཆོག་ནས་འབྲས་སྤུངས་བློ་གསལ་གླིང་གླིང་ཁང་ཚན་དུ་ཆིབས་བསྒྱུར་བསྐྱངས་སྐབས་ཕེབས་བསུ་སེར་སྦྲེངས་དང་སྤྱན་རྒྱ་སྤོས་སྣེ་སྔོན་བསུས་ཏེ་ཁང་ཚན་གྱི་གཙུག་ལག་ཁང་དུ་གནས་གཟིགས་དང་འདུས་མངས་ལ་བཀའ་སློབ་སྩལ་སྐབས་ཀྱི་སྐུ་པར། །

H.E. Ling Rinpoche visited Ling Khangtsen, where he received a very warm welcome and reception. During the visit, Rinpoche gave a talk and congratulated all the monks who received their annual examination certificates.