2023 Archive

December 2023

༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན་འཛམ་གླིང་ཞི་བདེའི་དེད་དཔོན་༸སྤྱི་ནོར་གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ནས་ཡེ་ཤེས་དབྱིངས་དཔྱད་ཀྱིས་གཞུང་ལུགས་རབ་འབྱམས་སྨྲ་བ་བཀའ་དྲིན་མཚུངས་མེད་ཡོངས་འཛིན་དགེ་བའི་བཤེས་གཉེན་ཆེན་པོ་དགེ་བཤེས་ཐུབ་བསྟན་རབ་རྒྱས་དཔལ་བཟང་པོ་མཆོག་གསང་ཆེན་བསྟན་པའི་མཛོད་འཛིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་ཕྱག་རྟགས་རིན་པོ་ཆེ་སྤྱི་ཕེབས་བཞིན་རྒྱ་གར་ལྷོ་ཕྱོགས་་དཔལ་ལྡན་འབྲསསྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་དཔེ་ཐུབ་ཁང་དུ་ཁྲི་གསོལ་མཛད་སྒོ་གཟབ་རྒྱས་ཞུ་སྐབས་ཀྱི་སྐུ་པར། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ པའི་ཚེས་ ༡༥ ཉིན། །

On December 15th, H.E. Ling Rinpoche’s Tutor Geshe Thubten Rapgay was enthroned as Lama Umze and Junior Abbott of Gyumed Tantric Monastic College, during an official ceremony at Drepung Loseling Pethub Khangsten in South India. Gen la was presented with an official letter of appointment from His Holiness the Dalai Lama by a representative from Gyumed Monastery. The event was attended by Drepung Loseling Monastery’s Abbott, Bakula Rinpoche and heads of the monastery, along with many monks and representatives from other monasteries and khangstens.


༈ ལ་དྭགས་ལོ་གསར་ལ་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་མི་མང་ལྷན་རྒྱས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཁྱེད་རྣམས་སྐུ་གཟུགས་གསལ་ཐང་དང་ནད་མེད་ཚེ་རིང་ཆོས་མཐུན་གྱི་བསམ་པ་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ།

ཡོངས་འཛིན་ཁྲི་ཆེན་གླིང་སྤྲུལ་མིང་པས།

On December 13th, H.E. Ling Rinpoche sends his best wishes and prayers for a very happy Ladakhi and Himalayan Losar! May this New Year bring joy, peace and much success.


༄༅། །དུས་གསུམ་རྒྱལ་བ་ཀུན་ལས་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་འཛམ་གླིང་ཞི་བདེའི་གཟེངས་བསྟོད་འབུལ་བཞེས་མཛད་ནས་ལོ་ངོ་༣༤འཁོར་བའི་དུས་དྲན་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག་མགོན་པོ་གང་ཉིད་བདག་སོགས་བསྟན་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་མཐའ་དག་ལྷུན་གྱི་འགྲུབ་པའི་སྨོན་འདུན་ཤུགས་དྲག་དང་བཅས། ། ཡོངས་འཛིན་གླིང་སྐྱེ་མིང་པས།

Today is the anniversary of His Holiness the Dalai Lama receiving the Nobel Peace Prize. I pray every day for His Holiness’ long life and perfect health, and that all His Holiness’ wishes for world peace are instantly fulfilled! - Ling Rinpoche


On the auspicious occasion of Je Tsongkhapa's Parinirvana and Enlightenment, H.E. Ling Rinpoche wishes all a meaningful day of practice, prayers and virtuous activities!


དགའ་སྤྲོའི་འཚམས་ཞུ།
༈ རང་ཅག་ཁ་བ་རི་པ་བ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་༸རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་ཡེ་ཤེས་དབྱིངས་དཔྱད་ཀྱིས་ངོས་ལ་མདོ་སྔགས་གཞུང་ལུགས་རྒྱ་མཚོའི་ཟབ་འཁྲིད་ཡོངས་སུ་རྫོགས་པ་སྤྱི་བོར་སྩལ་ནོད་ཀྱི་བཀའ་དྲིན་བསམ་བརྗོད་ལས་འདས་པ་གསུམ་ལྡན་ངུར་སྨྲིག་འཛིན་པ་འབྲས་བློ་གླིང་དཔེ་ཐུབ་དགེ་བའི་བཤེས་གཉེན་ཆེན་པོ་ཡོངས་འཛིན་དགེ་བཤེས་ཐུབ་བསྟན་རབ་རྒྱས་དཔལ་བཟང་པོ་གསང་ཆེན་རིག་པ་འཛིན་པའི་སྡེ་ཆེན་པོ་དཔལ་ལྡན་སྨད་རྒྱུད་པའི་བླ་མ་དབུ་མཛད་ཀྱི་མཚན་འཁུར་བཞེས་རྒྱུའི་ཕྱག་རྟགས་རིན་པོ་ཆེ་སྤྱི་བོར་སྩལ་བར་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་བཀྲ་ཤིས་པའི་ཚིག་སྦྱོར་ཕུན་སུམ་ཚོགས་པའི་བརྒྱན་ཏེ་གང་ཉིད་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཅིང་མཛད་འཕྲིན་ཕྱོགས་བཅུར་རྒྱས་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཤུགས་དྲག་དང་བཅས། གུས་སློབ་ཡོངས་འཛིན་ཁྲི་ཆེན་གླིང་སྐྱེ་མིང་པ་བསྟན་འཛིན་ལུང་རྟོགས་འཕྲིན་ལས་ཆོས་འཕགས་པས་བོད་རྒྱལ་ལོ། ༢༡༥༠ རབ་གནས་ཆུ་ཡོས་སྨིན་ཟླའི་ཚེས། ༢༢ དང་། ཕྱི་ལོ།༢༠༢༣ ཟླ་བ། ༡༢ ཚེས། ༤ གཟའ་སྐར་འབྱུང་འཕྲོད་མཆོག་ཏུ་དགེ་བའི་ཉིན་།། །།

I would like to offer my warmest wishes and congratulations to my esteemed precious teacher Geshe Thubten Rapgay from Drepung Loseling Pethub Khangsten, who has been honored with an appointment by His Holiness the Great 14th Dalai Lama to the position of Lama Umze and Junior Abbott of Gyumed Tantric Monastic College.

I pray for Geshe Thubten Rapgay’s long life and perfect health and for every success in his extensive Dharma activities, to benefit countless sentient beings.
- Ling Rinpoche, November 3, 2023


November 2023





On 19th November,H.E. Ling Rinpoche concluded his inaugural visit to Vietnam in Hanoi, the nation's capital, after he gave two days of teachings and enjoyed a wonderful 38th birthday celebration hosted by devotees. Rinpoche also visited the Monastery’s translation center and gave a talk to translators of various languages.



View the video on Facebook

࿑ ཕྱི་ལོ། ༢༠༢༣ཟླ་བ། ༡༡ ཚེས། ༡༦ ནས་ཚེས་༡༩ བར་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་་ཝི་ཏི་ནམ་གྱི་རྒྱལ་ས་ཧ་ནོ་ཝེ་ས་གནས་སུ་ཡོད་པའི་Pháp Vân - Ha noi ཕབ་ཝན་ཧཱ་ནོའི་དགོན་པར་བཀའ་ཆོས་དང་བཀའ་དབང་སོགས་ཆེ་སྩོལ་དང་དེ་བཞིན་ས་གནས་ཀྱི་དགོན་པ་ཁག་ལ་གནས་གཟིགས་དང་། བཀའ་སློབ་ཆེ་སྩོལ་མཛད་ཀྱི་་བརྙན་ཐུང་། །

On 18th and 19th November, H.E. Ling Rinpoche gave 2 days of teachings at Phap Van Pagoda in Hanoi, Vietnam.


Yongzin Lingtsang Labrang extends its heartfelt wishes to H.E. Ling Rinpoche for a very Happy Birthday! May Rinpoche have excellent health and a very long life! We wish for much auspiciousness in the upcoming year, with all of Rinpoche’s holy wishes quickly and perfectly fulfilled so he may continue to spread the Dharma throughout the world, for the benefit of all sentient beings.

The Labrang shares warm appreciation for the many devoted, good wishes and prayers for Rinpoche that have been received from around the world.

H.E. Ling Rinpoche's visit to Vietnam continues where Rinpoche was offered a joyful birthday celebration by devotees in Hanoi.



View the video on Facebook

On 12 - 13th November, H.E. Ling Rinpoche visited Hanoi, Vietnam where he gave teachings on Introduction to Buddhism at two monasteries - Hoa Phuc Monastery and Phu Coc Temple.


H.E. Ling Rinpoche wishes all a very Happy Diwali where light prevails!



For more recent news, go to Facebook