2023 Archive

February 2023

࿑ ཕྱི་ལོ། ༢༠༢༣ ཟླ་བ། ༢ ཚེས། ༢༨ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལྡི་ལི་ལག་ཤི་མི་ན་གྷ་འབྲས་སྤུངས་བློ་གསལ་གླིང་བྱང་ཆུབ་ཆོས་གླིང་དུ་ཆིབས་བསྒྱུར་སྐབས་་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ལས་སྣེ་དང་དགེ་འདུན་པ་དེ་བཞིན་ས་གནས་རྒྱ་གར་ཁམས་པ་སོགས་ཀྱི་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་ཅིང་ཕྱི་དྲོར་གཙུག་ལག་ཁང་གི་ཡང་སྟེང་ཚོམས་ཆེན་དུ་རྒྱ་གར་ཁམས་པ་རྣམས་ལ་བླང་དོར་གྱི་བཀའ་སློབ་སྩལ་སྐབས་ཀྱི་སྐུ་པར།།

On 28th February, H.E. Ling Rinpoche was warmly welcomed to Drepung Loseling Jangchup Choeling Monastery in Delhi, by the local people, the Gyagar Khampa. Rinpoche was invited to give teachings, bestow the Buddha Amitayus Long Life Initiation (Tsewang) and Oral Transmissions of the 21 Taras the next day.


࿑ རྒྱ་གར་དབུས་རིག་གཞུང་བློན་ཆེན་ལས་ཁུངས་ཀྱི་ཁྱབ་ཁོངས་ཨིན་དྷར་གྷན་དྷི་རྒྱལ་སྤྱིའི་རྒྱུ་སྩལ་ལྟེ་གནས་ཁང་དུ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་བཀའ་སློབ་སྩལ་ཅིང་། མཛད་སྒོའི་ཐོག་རྣམ་གྲྭ་མཁན་ཟུར་བྱ་དོ་རིན་པོ་ཆེ་མཆོག་དང་། ཌོཀ་ཊོར་ཝི་ན་ཡེ་སཧཱ་ས་ཏ་ར་བྷུ་ཏི་མཆོག། ཌོཀ་ཊོར་ས་ཆི་དྷ་ན་འཇོ་ཤི་མཆོག། འཛམ་གླིང་རྒྱལ་སྤྱི་ནང་པའི་ལྷན་ཚོགས་ཀྱི་དྲུང་ཆེ་དྷརྨ་པི་ཡ་བཅས་མཉམ་བཞུགས་ཀྱིས་ཇི་ཝ་ལ་ནེ་རུའི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་སི་ཨུ་པན་ཌ་རའོ་མཆོག་ནས་བརྩམས་གནང་བའི་ཕྱག་དེབ་ཁག་གསུམ་དབུ་འབྱེད་མཛད་སྒོའི་ཐོག་ཇི་ཝ་ལ་ནེ་རུའི་གཙུག་ལག་སློབ་གཉེར་ཁང་དང་ལྡི་ལི་མཐོ་སློབ་ཀྱིས་དགེ་ལས་སློབ་ཕྲུག་མཉམ་བཞུགས་སྐབས་ཀྱི་སྐུ་པར། ཕྱི་ལོ། ༢༠༢༣ ཟླ་བ། ༢ ཚེས། ༢༧ ཉིན།

On 27th February, H.E. Ling Rinpoche presided as the Chief Guest and delivered a speech at the launch of three publications by Professor C. Upendra Rao: The Spread of Buddhist Thought, Essentials of Pali Language & Literature and Vajirasara, organized by the Indira Gandhi International Centre for Arts (IGNCA), under the Government of India’s Ministry of Culture, in Delhi. The event was attended by participants from JNU and other university students, professors and staff, and honorable dignitaries including Venerable Jhado Rinpoche, Dr. Vinay Sahahrabuddhe ji, Dr. Sachchinanda Joshi ji, Venerable Dhammapiya, Professor C Upendra Rao ji, Professor Sudhir Lall ji and Dr. Ashish Bhave ji.


On 23rd February, H.E. Ling Rinpoche was invited as the Guest of Honor and gave a talk at the official Losar Celebrations at Samyeling Tibetan Settlement Office in New Delhi. The event was attended by distinguished guests Shri Kiren Rijiju Ji, Honorable Union Minister of Law & Justice, Government of India, Mrs. Gyari Dolma, Kalon, Department of Security, CTA, Shri Indresh Kumar Ji, Patron, Bharat Tibet Sahyog Manch, Mr Lobsang Shastri, Representative of Bureau of HH the Dalai Lama, New Delhi and Mrs. Rinchen Lhamo, Member-Buddhist, National Commission for Minorities, Government of India.


H.E. Ling Rinpoche wishes everyone a very Happy Losar, Tibetan New Year 2150. May the New Year bring joy, peace and success. Losar Tashi Delek!


࿑ ཕྱི་ལོ། ༢༠༢༣ ཟླ་བ། ༢ ཚེས། ༡༨ ཉིན། རྒྱ་གར་དབུས་རིག་གཞུང་བློན་ཆེན་ལས་ཁུངས་ཀྱི་ཁྱབ་ཁོངས་ཨིན་དྷར་གྷན་དྷི་རྒྱལ་སྤྱིའི་རྒྱུ་སྩལ་ལྟེ་གནས་ཁང་དུ་སོག་ཡིག་ཐོག་བསྒྱུར་གནང་བའི་བཀའ་འགྱུར་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་བཀའ་སློབ་སྩལ་ཅིང་། མཛད་སྒོའི་ཐོག་ས་སྐྱ་ཁྲི་འཛིན་ཞེ་གསུམ་པ་༸ཛྙན་བཛྲ་རིན་པོ་ཆེ་མཆོག་དང་། རྒྱ་གར་དབུས་གཞུང་གི་ཕྱི་འབྲེལ་དང་རིག་གཞུང་བློན་ཆེན་གཞོན་པ་ལྕམ་སྐུ་མིནཀཤི་ལེ་ཁི་མཆོག ཌོཀ་ཊོར་ཝི་ན་ཡེ་སཧཱ་ས་ཏ་ར་བྷུ་ཏི་མཆོག། ཌོཀ་ཊོར་ས་ཆི་དྷ་ན་འཇོ་ཤི་མཆོག། འཛམ་གླིང་རྒྱལ་སྤྱི་ནང་པའི་ལྷན་ཚོགས། ལྡི་ལི་བོད་ཁང་གི་སྐུ་ཚབ། སོག་པོའི་གཞུང་ཚབ་ཀྱི་སྐུ་ཚབ། ཀོ་རི་ཡའི་བླ་ཆེན་ཁག་བཅས་མཉམ་བཞུགས་ཀྱིས་མཛད་སྒོ་བསྲུང་བརྩི་ཞུ་སྐབས་ཀྱི་སྐུ་པར།

On February 18th, H.E. Ling Rinpoche presided as Chief Guest over the presentation ceremony of 108 Mongolian Kanjur volumes, organized by the Government of India - Ministry of Culture's National Mission for Manuscripts under IGNCA, in Delhi. The event was also attended by honorable guests Smt Meenakshi Lekhi, MoS Ministry of Culture and External Affairs, the 43rd Sakya Trizin Gyana Vajra Rinpoche, Dr. Vinay Sahashrabudhe, Chairman of ICCR MEA, Dr. Sachchidan and Joshi Members, Secretary of IGNC, Shri Suresh Soni (ICCS), Dr. Ashish Bhave Director (ICS), a representative of the Mongolian Embassy, a representative of the Tibet House Delhi, Mr. Abhijit Halder DG, Mr. Tsering Wangchug ED of the International Buddhist Confederation and many other national and international dignitaries.


࿑ ཕྱི་ལོ། ༢༠༢༣ ཟླ་བ། ༢ ཚེས། ༡༨ ཉིན། རྒྱ་གར་དབུས་གཞུང་རིག་གཞུང་ལྷན་ཁང་གི་ཁྱབ་ཁོངས་ཨིན་དྷར་གྷན་དྷི་རྒྱལ་སྤྱིའི་རྒྱུ་སྩལ་ལྟེ་གནས་ཁང་དུ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་༸ ཛྙན་བཛྲ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་རྣམ་གཉིས་ལྷན་སྒྲོན་གྱི་སྐུ་པར།

On 18th February, H.E. Ling Rinpoche met with the 43rd Sakya Trizin Gyana Vajra at the presentation ceremony for the 108 Mongolian Kanjur volumes in Delhi.


࿑ ཕྱི་ལོ། ༢༠༢༣ ཟླ་བ། ༢ ཚེས། ༡༥ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་བོད་ཀྱི་ཟློས་གར་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་དྷ་ས་བོད་ཀྱི་ཟློས་གར་ལ་ཆིབས་བསྒྱུར་སྐབས་རྔོན་པ་སོགས་ལྷ་མོའི་འཁྲབ་སྟོན་ཁག་ཅིག་་གཟིགས་འབུལ་དང་། ཚོགས་ཁང་སོགས་ལ་རབ་གནས་དང། དགེ་ལས་ཚོགས་མི་རྣམས་ལ་བཀའ་སློབ་སྩལ་སྐབས་ཀྱི་སྐུ་པར།།

On 15th of February, H.E. Ling Rinpoche was invited to the Tibetan Institute of Performing Arts (TIPA) in Dharamsala, where he gave a talk to the teachers, staff and students on the importance of preserving Tibetan culture.


January 2023

On 22nd January, H.E. Ling Rinpoche sends warm wishes and blessings for the Lunar New Year. May all be smooth and your wishes fulfilled!


࿑ ཕྱི་ལོ། ༢༠༢༣ ཟླ་བ། ༠༡ ཚེས། ༣ ཉིན་སྔ་འགྱུར་བསྟན་པའི་གསལ་བྱེད་༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེའི་ཡང་སྤྲུལ་ངག་དབང་བསྟན་འཛིན་ཆོས་ཀྱི་བློ་གྲོས་རབ་གསལ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་མཇལ་བཅར་སྐབས་སུ་སྒྲོན་པའི་སྐུ་པར།

On 3rd January, H.E. Ling Rinpoche received a visit from the reincarnation of Kyabjé Trulshik Rinpoche at Gaden Phelgyal Ling Monastery, Bodh Gaya, Bihar.


࿑ ཕྱི་ལོ། ༢༠༢༣ ཟླ་བ། ༠༡ ཚེས། ༢ ཉིན་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཀོ་རི་ཡའི་དགོན་(Buhnwangsa Jogye order Korea) གནས་གཟིགས་སུ་ཆིབས་བསྒྱུར་བསྐྱངས་སྐབས་དགོན་པའི་མཁན་པོ་དང་པཱ་ལིའི་ཆོས་བརྒྱུད་འཛིན་པའི་དགེ་འདུན་པ་རྣམས་ནས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུ་བཞིན་པའི་སྐབས་ཀྱི་སྐུ་པར།།

On 2nd January, H.E. Ling Rinpoche visited the International Sati School for Meditation and the Bunhwangsa of Jogye Order of Korea, in Bodh Gaya, Bihar.



For more recent news, go to Facebook