2023 Archive

May 2023


࿑ ཕྱི་ལོ། ༢༠༢༣ ཟླ་བ། ༥ ཚེས། ༡༧ ནས། ཚེས། ༢༥ བར། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་སི་པིན་གྱི་གྲོང་ཁྱེར་གྷར་ན་དྷ་ཡོད་པའི་ཀླུ་སྒྲུབ་ཆོས་ཚོགས་དང་། འོད་གསལ་གླིང་། སྦ་སུ་ལོ་ནར་རྟེན་གཞི་བྱས་པའི་བོད་ཁང་། ཏཱ་ར་ཆོས་ཚོགས་བཅས་སུ་བཀའ་དབང་དང་། བཀའ་ཆོས་སོགས་བཀའ་དྲིན་ཆེ་སྩོལ་དང་། དེ་བཞིན་བོད་རིགས་དང་། སོག་རིགས་རྣམས་ལ་ཟུར་དུ་མཇལ་ཁ་དང་དམིགས་བསལ་བཀའ་སློབ་བཅས་ད་ལན་སི་པིན་ནང་དུ་མཛད་འཕྲིན་ལེགས་པར་གྲུབ་པའི་སྐབས་ཀྱི་བརྙན་ཐུང་།།

During 17-25th May, H.E. Ling Rinpoche visited Granada and Barcelona, Spain, where Rinpoche met with the local Tibetan Community and gave several LamRim teachings and initiations at Granada’s Nagarjuna C.E.T. Granada - FPMT and Osel Ling Centro de Retiros - FPMT and then Barcelona’s Casa del Tibet and Tara Centre.


࿑ ཕྱི་ལོ། ༢༠༢༣ ཟླ་བ། ༥ ཚེས། ༡༡ ནས། ཚེས། ༡༦ བར། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་སི་པིན་གྱི་རྒྱལ་ས་མ་ཌིར་དང་། གྲོང་ཁྱེར་འབིལ་བྷའོ་བཅས་སུ་ཆོས་ཚོགས་ཁག་ལ་བཀའ་དབང་དང་། བཀའ་ཆོས་སོགས་བཀའ་དྲིན་ཆེ་སྩོལ་བཅས་ད་ལན་གྱི་མཛད་འཕྲིན་ལེགས་པར་གྲུབ་པའི་སྐབས་ཀྱི་སྐུ་པར།།

H.E. Ling Rinpoche's European tour continued in Spain with visits to Madrid and Bilbao, where Rinpoche taught over several days during 9-14th May on the 8 Verses of Training the Mind and the Bodhisattva’s Jewel Garland, and conferred the Vajrasattva and Je Rig Sum Chig Thus (Chenrezig, Manjushri & Vajrapani) initiations at three centers, Centro Budista Jardín de la Compasión, Centro Nagarjuna Madrid - FPMT and Centro La Sabiduría de Nagarjuna - FPMT, who organized the visit.


࿑ ཕྱི་ལོ། ༢༠༢༣ ཟླ་བ། ༥ ཚེས། ༤ ནས། ཚེས། ༩ བར། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་འཇར་མན་གྱི་རྒྱལ་ས་བྷར་ལེན་གྱི་གྲོང་ཁྱེར་ནང་གི་དྷརྨ་མ་ཏི་རིག་པ་ཆོས་ཚོགས་སུ་ཤེས་རབ་སྙིང་པོའི་བཀའ་ཁྲིད་དང་། འཇམ་དབྱངས་དམར་སེར་གྱི་བཀའ་དབང་ཆེ་སྩོལ་མཛད་། དེ་བཞིན་བོད་རིགས་རྣམས་ལ་ཟུར་དུ་དམིགས་བསལ་བཀའ་སློབ་དང་། གཟུངས་སྔགས་འགའ་ཞིག་གི་ལྗགས་ལུང་བཅས་བཀའ་དྲིན་ཆེ་སྩོལ་བཅས་ས་གནས་འདིར་ད་ལན་གྱི་མཛད་འཕྲིན་ལེགས་པར་གྲུབ་པའི་བརྙན་ཐུང་།

On 6th and 7th May, H.E. Ling Rinpoche gave two days of teachings on Prajnaparamita and bestowed the Orange Manjushri initiation at Dharma Mati (Rigpa) in Berlin, Germany. Rinpoche also held a special meeting and talk with the Tibetan Community in Germany and later visited a hospice near Berlin.


On May 5th, H.E. Ling Rinpoche sends greetings to all for a Happy Vesak from Berlin!

Today is celebrated in the Elders' lineage as the holy anniversary of the incomparable Lord Buddha's birth, enlightenment, and parinirvana. It is a precious opportunity for followers of the Buddhist teachings to engage in virtue, abandon negativity and strive in taming the mind, with a vast altruistic motivation, through recalling the story of Lord Buddha’s life and his exalted activities.

We should all make efforts to engage in activities that benefit others with a thought of heartfelt compassion.

H.E. Ling Rinpoche prays for all virtuous activities on this auspicious day to bear fruit and for all pure prayers to be swiftly accomplished. May all beings everywhere be free from suffering and attain the perfect peace and happiness of enlightenment.


April 2023


࿑ ཕྱི་ལོ། ༢༠༢༣ ཟླ་བ། ༤ ཚེས། ༢༦ ནས། ཚེས། ༣༠ བར། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་འཇར་མི་ནི་མུ་ནིག་གྲོང་ཁྱེར་ནང་གི འཕགས་མ་སྒྲོལ་མའི་ཆོས་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་བློ་སྦྱོང་གི་བཀའ་ཁྲིད་དང་། སྐྱབས་འགྲོ་དང་དགེ་བསྙེན་གྱི་སྡོམ་པ་འབོག་ཆོག། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་དང་། བོད་རིགས་དང་ས་གནས་ཕྲུ་གུ་དང་། གཞོན་སྐྱེས་རྣམས་ལ་ཟུར་དུ་དམིགས་བསལ་བཀའ་སློབ་དང་། གང་བློ་མའི་ལྗགས་ལུང་བཅས་བཀའ་དྲིན་ཆེ་སྩོལ་སྐབས་ཀྱི་མཛད་འཕྲིན་ལེགས་པར་གྲུབ་པའི་བརྙན་ཐུང་།

On 29 and 30th April, H.E. Ling Rinpoche gave teachings on the 8 Verses of Thought Transformation, conferred a White Tara Long Life (Tsewang) Initiation, gave Refuge & Upasaka/Upasika Vows and had a special meeting with Tibetan and other local children in Munich, Germany, hosted by Aryatara Institut - FPMT. Rinpoche also gave a teaching on the Precious Human Rebirth at Tara Mandala in Landau an der Isar on 1st May.


On 21st April, His Holiness the Dalai Lama presented H.E. Ling Rinpoche with a statue of Shakyamuni Buddha during the Global Buddhist Summit in Delhi, organized by the Ministry of Culture, Government of India and International Buddhist Confederation (IBC).


࿑ ཕྱི་ལོ། ༢༠༢༣ ཟླ་བ། ༤ ཚེས། ༢༡ ཉིན་རྒྱ་གར་གྱི་རྒྱལ་ས་དྷི་ལིར་འཛམ་གླིང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཉིན་མཐའ་མའི་འཇུག་སྡོམ་མཛད་སྒོར་རྒྱ་གར་དབུས་གཞུང་རིགས་གཞུང་བློན་ཆེན་མཆོག་མཛད་སྒོའི་ཐོག་མཉམ་བཞུགས་ཐོག་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཉིན་གཉིས་རིང་ལྷན་ཚོགས་ཀྱི་བརྗོད་བྱ་ཕྱོགས་བསྡོམས་ཀྱི་དེ་འབྲེལ་སྐོར་བཀའ་སློབ་ཆེ་སྩོལ་མཛད་སྐབས་ཀྱི་སྐུ་པར།

On 21st April, H.E. Ling Rinpoche delivered a speech during the valedictory session at the successful conclusion of the first Global Buddhist Summit in Delhi, organized by the Ministry of Culture, Government of India and International Buddhist Confederation (IBC).



࿑ ཕྱི་ལོ། ༢༠༢༣ ཟླ་བ། ༤ ཚེས། ༢༡ ཉིན་རྒྱ་གར་གྱི་རྒྱལ་ས་དྷི་ལིར་འཛམ་གླིང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཉིན་གཉིས་པའི་སྔ་དྲོ་་༸གོང་ས་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དབུ་བཞུགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལྷན་བཞུགས་སྐབས་ཀྱི་སྐུ་པར།

On 21st April, H.E. Ling Rinpoche attended Day 2 of the first Global Buddhist Summit in the morning, organized by the Ministry of Culture, Government of India and the International Buddhist Confederation (IBC). The Chief Guest, His Holiness the 14th Dalai Lama and many other Indian and international dignitaries were in attendance for this important inaugural event in Delhi, India.


࿑ ཕྱི་ལོ། ༢༠༢༣ ཟླ་བ། ༤ ཚེས། ༢༠ ཉིན་རྒྱ་གར་གྱི་རྒྱལ་ས་དྷི་ལིར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཉིན་དང་པོར། རྒྱ་གར་གྱི་སྲིད་བློན་ན་རན་དྷ་མོ་དྷི་མཆོག་ནས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེར་ན་བཟའ་འབུལ་བཞེས་མཛད་སྐབས་ཀྱི་སྐུ་པར།

On 20th April, H.E. Ling Rinpoche attended the Global Buddhist Summit organized by the Ministry of Culture, Government of India and the International Buddhist Confederation (IBC) in Delhi, along with other distinguished guests including the Honorable Prime Minister of India, Shri Narendra Modi, who performed a ceremonial offering of robes (Chivar Dhana).


࿑ ཕྱི་ལོ། ༢༠༢༣ ཟླ་བ། ༤ ཚེས། ༡༣ནས། ཚེས། ༡༨ བར། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་ཨོ་སི་ཁྲུ་རའི་བོད་རིགས་ཚོགས་པ་དང་། བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་དང་། FPMT ཆོས་ཚོགས་བཅས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་ས་གནས་དེ་དག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་དང་། བོད་མི་རྣམས་ལ་དམིགས་བསལ་བཀའ་སློབ། ཡོན་ཏན་གཞི་གྱུར་མའི་བཀའ་ཁྲིད། བླ་མ་བཟོད་པ་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ། དེ་བཞིན་ཨོ་སི་ཁྲུ་རའི་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་སོགས་མཇལ་བཅར་སོགས་མཛད་འཕྲིན་ལེགས་གྲུབ་སྐབས་ཀྱི་བརྙན་ཐུང་།

On April 13 - 18th, H.E. Ling Rinpoche visited Austria where he conferred a White Tara Long Life (Tsewang) initiation for the Tibetan Community of Austria in Vienna, gave teachings and commentary on the Foundation of All Good Qualities at Tibet Center Institute in Knappenberg, and gave Refuge Vows at FPMT’s Panchen Losang Chogyen Center, including a special Guru Puja and prayers with the students for the swift return of Lama Zopa Rinpoche. H.E. Ling Rinpoche was welcomed by the President and Vice President of the Austrian Buddhist Association and met with other dignitaries.

Some planned events in Austria had to be rescheduled to enable Rinpoche to attend the Global Buddhist Summit in Delhi. Rinpoche will resume his European teaching tour in Munich, Germany from April 26th, 2023.



For more recent news, go to Facebook