2023 News

May 31, 2023
H.E. Ling Rinpoche Confers Intiation and Gives Advice to Tibetans in France
࿑ ཕྱི་ལོ། ༢༠༢༣ ཟླ་བ། ༥ ཚེས། ༣༡ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཧྥ་རན་སིའི་དད་ལྡན་བོད་རིགས་གཙོ་གྱུར་གྱི་ཕྱི་རྒྱལ་མི་རིགས་རྣམས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བཀའ་དྲིན་ཆེ་སྩོལ་མཛད་ཅིང་། འཇུག་ཏུ་བོད་རིགས་ཚོར་བཀའ་སློབ་སྩལ་དོན་སྤྱིར་ན་འཛམ་གླིང་ཡུལ་གྲུ་གང་སར་རང་རིགས་མང་པོ་ཞིག་ལོ་རེ་བཞིན་ཇེ་མང་དུ་འགྲོ་གི་ཡོད་ལ་ལྷག་དོན་ཧྥ་རན་སིའི་ནང་བོད་རིགས་གྲངས་འབོར་ཤིན་ཏུ་མང་ཞིང་ལུང་པ་འདི་རིགས་གཞུང་གི་ཆ་ནས་གལ་ཆེན་པོ་ཆགས་ཀྱི་ཡོད། དེ་འདྲས་ལུང་པ་ཕུན་སུམ་ཚོགས་པའི་ནང་ལ་བོད་རིགས་སྤུན་ཟླ་མང་པོ་འདི་འདྲས་ཡོད་པ་དངོས་གནས་སྤོབས་པ་སྐྱེ་འོས་པ་ཞིག་རེད། ས་གནས་གང་དུ་སླེབས་ཀྱང་སོ་སོའི་མི་རིགས་ཀྱི་ངོ་བོ་མ་བརླག་པ་བྱེད་དགོས་པ་མ་ཟད། བོད་ཀྱི་ཆོས་དང་རིགས་གཞུང་མི་ཉམས་རྒྱུན་གནས་ཡོང་བར་འབད་བརྩོན་གནང་དགོས། རིགས་གཞུང་གི་རྩ་བ་སྐད་ཡིག་ལ་ཐུག་པས་ཕྱི་རྒྱལ་ལུང་པའི་ནང་ད་ལྟའི་འཆར་རྒྱ་བལ་འབྲུག་གསུམ་བཞིན་དུ་བོད་པའི་སློབ་གྲྭ་ཟུར་དུ་མེད་ནའངམ་འོངས་པར་ཡོང་སྲིད་པ་ཞིག་རེད། འདི་གར་གཟའ་འཇུག་སློབ་གྲྭའི་ནང་བོད་ཡིག་དང་། ཆོས་དང་རིགས་གཞུང་ངོ་སྤྲོད་དང་སྦྱངས་བརྩོན་བྱས་ནས་ཕན་ཐོགས་ཡོང་དང་ཡོང་བཞིན་པ་ཡིན་ཀྱང་གཙོ་བོ་ནང་ལ་ཕ་མ་ཚོས་ངེས་པར་བོད་སྐད་ཤོད་དགོས་ལ་བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་གཤིས་བཟང་རྒྱུན་འཇགས་ཡོང་གནས་སྐོར་ལ་བསླབ་བྱ་རྒྱབ་དགོས། བོད་པ་ག་ཚོད་མང་པ་ཡོད་པ་དེའི་ཚོད་ཀྱི་ས་ཁུལ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་ཚང་མས་ཁུར་མཉམ་ལེན་ཐོག་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཞལ་སྔ་ནས་ཆོས་སྲིད་ཀྱི་ཐོག་ལ་བཀའ་སློབ་རབ་དང་རིམ་པ་སྩལ་ཡོད་པ་དེ་དག་ཐུགས་ལ་བཞག་ནས་ནང་ཁུལ་འཆམ་མཐུན་དང་བོད་མི་རིགས་ཀྱི་ངོ་བོ་མ་བརླག་པ་གནང་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན་ཞེས་གསུངས།། On 31st May, H.E. Ling Rinpoche bestowed a Buddha Amitayus Long Life (Tsewang) initiation and … Read more

May 30, 2023
H.E. Ling Rinpoche Invited by French Parliamentary Senate, Discussing Key Tibetan Matters
࿑ ཕྱི་ལོ། ༢༠༢༣ ཟླ་བ། ༥ ཚེས། ༣༠ ཉིན། ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཧྥ་རན་སིའི་གྲོས་ཚོགས་གོང་མར་ཆིབས་བསྒྱུར་བསྐྱངས་ཏེ་འབྲེལ་ཡོད་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོགས་གཙོ་ལྕམ་(Senator Jacqueline Eustache-Brinio)མཆོག་གི་གཙོས་ཕྱག་རོགས་གྲོས་ཚོགས་འཐུས་མི་གཞན་རྣམས་དང་མཇལ་འཕྲད་ཀྱིས་ཧྥ་རན་སི་ནང་བོད་དོན་རྒྱབ་སྐྱོར་ཤུགས་ཆེར་གནང་བཞིན་པར་་ཐུགས་རྗེ་ཆེ་ཞུས་ཅིང་། ད་དུང་མུ་མཐུད་གནང་བར་ཞེན་བསྐུལ་མཛད། ད་ལྟའི་བོད་ནང་གི་གནས་སྟངས་ཧ་ཅང་གི་ཛ་དྲག་ཡིན་པ་མཁྱེན་གསལ་ལྟར་ཇི་སྲིད་བོད་དང་རྒྱ་ནག་གི་བར་གྱི་ཆབ་སྲིད་ཀྱི་དཀའ་རྙོག་དེ་ཞི་བའི་སྒོ་ནས་མ་སེལ་བར་དེ་སྲིད་དུ་ཧྥ་རན་སི་གཙོས་ཡུ་རོབ་རྒྱལ་ཁབ་གཞན་རྣམས་ཀྱིས་བོད་དོན་ཐོག་གང་ཅི་ཐད་ནས་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་འབོད་སྐུལ་ཞུས་ཅིང་ཁོང་རྣམ་པའི་ངོས་ནས་ཀྱང་བོད་ཀྱི་གནད་དོན་ནི་འཛམ་གླིང་གི་སྤྱིའི་ཁོར་ཡུག་དང་ཧ་ཅང་གི་འབྲེལ་བ་ཆེན་པོ་ཡོད་པ་ངོས་འཛིན་ཐོབ་པས་མ་འོངས་པར་ཁོར་ཡུག་གི་བྱ་བཞག་ནང་བོད་དོན་ཐོག་དམིགས་བསལ་ལས་གཞི་གོ་སྒྲིག་བྱ་རྒྱུ་ཡིན་ཞེས་ཞལ་བཞེས་མཛད། ༸སྐྱབས་རྗེམཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་བོད་དོན་ཆེད་་བདེན་པའི་རྒྱབ་ལངས་སྔར་ལས་ལྷག་པ་གནང་སྐྱོང་བའི་འབོད་བསྐུལ་ཞུ་གནང་མཛད་སྐབས་་ཀྱི་སྐུ་པར།། On 30th May, H.E. Ling Rinpoche was invited to visit the French Parliamentary Senate where he … Read more

May 27, 2023
H.E. Ling Rinpoche Teaches the Bodhisattva’s Jewel Garland at Dachang Vajradhara Ling in Normandy, France
࿑ ཕྱི་ལོ། ༢༠༢༣ ཟླ་བ། ༥ ཚེས། ༢༥ ནས་ཚེས་༢༨བར་་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཕ་རན་སི་རྒྱལ་ས་པི་རི་སའི་ཉེ་འགྲམ་སུ་ཆགས་པའི་དྭགས་ཤངས་བཀའ་བརྒྱུད་ཀྱི་ཆོས་ཚོགས་ཝ་་ཇ་དྷ་ར་གླིང་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བའི་བཀའ་ཆོས་་སྩལ་སྐབས་ཀྱི་སྐུ་པར།། On 27-28th May, H.E. Ling Rinpoche taught the Bodhisattva’s Jewel Garland by Atisha Dipamkara at Dachang Vajradhara Ling in Normandy, France.

May 25, 2023
H.E. Ling Rinpoche Warmly Welcomed by Representatives of Tibetan Government and Organizations to Paris, France
࿑ ཕྱི་ལོ། ༢༠༢༣ ཟླ་བ། ༥ ཚེས། ༢༥ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཕ་རན་སིར་ཆིབས་བསྒྱུར་སྐབས་ཕ་རན་སིའི་རྒྱལ་སྤྱིའི་གནམ་ཐང་དུ་སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་དང་། ཡུ་རོབ་བོད་མི་དམངས་སྤྱི་འཐུས་མཆོག། ཕ་རན་སི་བོད་རིགས་ཚོགས་གཙོ། ཕ་རན་སི་བོད་ཀྱི་འབྲེལ་འཐུད་པ། དེ་བཞིན་ཆོས་ཚོགས་ཁག་གི་འགན་འཛིན་རྣམས་ནས་ཕེབས་བསུ་སྣེ་ལེན་ཞུ་སྐབས་ཀྱི་སྐུ་པར། On 25th May, H.E. Ling Rinpoche arrived in Paris, France and was warmly welcomed by the Representative of … Read more

May 17, 2023
H.E. Ling Rinpoche Visits Various Centers in Granada and Barcelona, Spain
࿑ ཕྱི་ལོ། ༢༠༢༣ ཟླ་བ། ༥ ཚེས། ༡༧ ནས། ཚེས། ༢༥ བར། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་སི་པིན་གྱི་གྲོང་ཁྱེར་གྷར་ན་དྷ་ཡོད་པའི་ཀླུ་སྒྲུབ་ཆོས་ཚོགས་དང་། འོད་གསལ་གླིང་། སྦ་སུ་ལོ་ནར་རྟེན་གཞི་བྱས་པའི་བོད་ཁང་། ཏཱ་ར་ཆོས་ཚོགས་བཅས་སུ་བཀའ་དབང་དང་། བཀའ་ཆོས་སོགས་བཀའ་དྲིན་ཆེ་སྩོལ་དང་། དེ་བཞིན་བོད་རིགས་དང་། སོག་རིགས་རྣམས་ལ་ཟུར་དུ་མཇལ་ཁ་དང་དམིགས་བསལ་བཀའ་སློབ་བཅས་ད་ལན་སི་པིན་ནང་དུ་མཛད་འཕྲིན་ལེགས་པར་གྲུབ་པའི་སྐབས་ཀྱི་བརྙན་ཐུང་།། During 17-25th May, H.E. Ling Rinpoche visited Granada and Barcelona, Spain, where … Read more

May 9, 2023
H.E. Ling Rinpoche Continues European Tour with Teachings and Initiations in Madrid and Bilbao, Spain
࿑ ཕྱི་ལོ། ༢༠༢༣ ཟླ་བ། ༥ ཚེས། ༡༡ ནས། ཚེས། ༡༦ བར། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་སི་པིན་གྱི་རྒྱལ་ས་མ་ཌིར་དང་། གྲོང་ཁྱེར་འབིལ་བྷའོ་བཅས་སུ་ཆོས་ཚོགས་ཁག་ལ་བཀའ་དབང་དང་། བཀའ་ཆོས་སོགས་བཀའ་དྲིན་ཆེ་སྩོལ་བཅས་ད་ལན་གྱི་མཛད་འཕྲིན་ལེགས་པར་གྲུབ་པའི་སྐབས་ཀྱི་སྐུ་པར།། H.E. Ling Rinpoche’s European tour continued in Spain with visits to Madrid and Bilbao, where Rinpoche … Read more

May 6, 2023
H.E. Ling Rinpoche Gives Teachings on Prajnaparamita and Bestows Orange Manjushri Initiation in Berlin, Germany
࿑ ཕྱི་ལོ། ༢༠༢༣ ཟླ་བ། ༥ ཚེས། ༤ ནས། ཚེས། ༩ བར། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་འཇར་མན་གྱི་རྒྱལ་ས་བྷར་ལེན་གྱི་གྲོང་ཁྱེར་ནང་གི་དྷརྨ་མ་ཏི་རིག་པ་ཆོས་ཚོགས་སུ་ཤེས་རབ་སྙིང་པོའི་བཀའ་ཁྲིད་དང་། འཇམ་དབྱངས་དམར་སེར་གྱི་བཀའ་དབང་ཆེ་སྩོལ་མཛད་། དེ་བཞིན་བོད་རིགས་རྣམས་ལ་ཟུར་དུ་དམིགས་བསལ་བཀའ་སློབ་དང་། གཟུངས་སྔགས་འགའ་ཞིག་གི་ལྗགས་ལུང་བཅས་བཀའ་དྲིན་ཆེ་སྩོལ་བཅས་ས་གནས་འདིར་ད་ལན་གྱི་མཛད་འཕྲིན་ལེགས་པར་གྲུབ་པའི་བརྙན་ཐུང་། On 6th and 7th May, H.E. Ling Rinpoche gave two days of teachings on Prajnaparamita … Read more

May 5, 2023
H.E. Ling Rinpoche Sends Warm Greetings and Prayers for a Happy Vesak Day
On May 5th, H.E. Ling Rinpoche sends greetings to all for a Happy Vesak from Berlin! Today is celebrated in the Elders’ lineage as the holy anniversary of the incomparable … Read more

April 29, 2023
H.E. Ling Rinpoche Gives Teachings, Initiations & Vows in Munich, Germany
࿑ ཕྱི་ལོ། ༢༠༢༣ ཟླ་བ། ༤ ཚེས། ༢༦ ནས། ཚེས། ༣༠ བར། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་འཇར་མི་ནི་མུ་ནིག་གྲོང་ཁྱེར་ནང་གི འཕགས་མ་སྒྲོལ་མའི་ཆོས་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་བློ་སྦྱོང་གི་བཀའ་ཁྲིད་དང་། སྐྱབས་འགྲོ་དང་དགེ་བསྙེན་གྱི་སྡོམ་པ་འབོག་ཆོག། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་དང་། བོད་རིགས་དང་ས་གནས་ཕྲུ་གུ་དང་། གཞོན་སྐྱེས་རྣམས་ལ་ཟུར་དུ་དམིགས་བསལ་བཀའ་སློབ་དང་། གང་བློ་མའི་ལྗགས་ལུང་བཅས་བཀའ་དྲིན་ཆེ་སྩོལ་སྐབས་ཀྱི་མཛད་འཕྲིན་ལེགས་པར་གྲུབ་པའི་བརྙན་ཐུང་། On 29 and 30th April, H.E. Ling Rinpoche gave teachings on the … Read more

April 21, 2023
His Holiness the Dalai Lama Presents to H.E. Ling Rinpoche a Statue of Shakyamuni Buddha During the Global Buddhist Summit
On 21st April, His Holiness the Dalai Lama presented H.E. Ling Rinpoche with a statue of Shakyamuni Buddha during the Global Buddhist Summit in Delhi, organized by the Ministry of … Read more