2024 News
February 26, 2024
H.E. Ling Rinpoche Receives Warm Welcome Ceremony at Samten Ling Monastery and Visits Kopan’s Khachoe Gakhil Ling Nunnery and Shechen Monastery
࿑ ཕྱི་ལོ་༢༠༢༤ ཟླ་བ་༢ ཚེས་༢༦ ཉིན།བལ་ཡུལ་ཀོ་པན་བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང་དུ་ཆིབས་བསྒྱུར་སྐབས་བརྟན་བཞུགས་འབུལ་བཞེས་དང་བཀའ་སློབ་བཀའ་དྲིན་སྩལ་གནང་མཛད་ཅིང་་། དེའི་རྗེས་ཞེ་ཆེན་དགོན་པར་ཆིབས་བསྒྱུར། བལ་ཡུལ་སྐྱིད་གྲོང་བསམ་གཏན་གླིང་དུ་ཞབས་སོར་འཁོད་སྐབས་བཅས་ཀྱི་བརྙན་པར། ། On 26th February H.E. Ling Rinpoche visited and gave a talk at Kopan’s Khachoe Gakhil Ling Nunnery and visited Shechen Monastery, where … Read more
February 26, 2024
H.E. Ling Rinpoche Meets with Reincarnation of Trulshik Rinpoche Ngawang Tenzin Choekyi Lodo Rabsel
࿑ ཕྱི་ལོ་༢༠༢༤ ཟླ་བ་༣ ཚེས་ ༡ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་ཞྭ་དེའུ་འཁྲུལ་ཞིག་རིན་པོ་ཆེའི་མཆོག་གི་ཡང་སྤྲུལ་ངག་དབང་བསྟན་འཛིན་ཆོས་ཀྱི་བློ་གྲོས་རབ་གསལ་རྣམ་གཉིས་བལ་ཡུལ་དུ་མཇལ་ཕྲད་སྐབས་ཀྱི་སྐུ་པར། ། On 26th February, H.E. Ling Rinpoche met with the reincarnation of Trulshik Rinpoche Ngawang Tenzin Choekyi Lodo Rabsel in Kathmandu, Nepal.
February 24, 2024
H.E. Ling Rinpoche Send Very Best Wishes for All on Chötrul Düchen, The Day of Miracles
On 24th February, H.E. Ling Rinpoche sends his best wishes and prayers to all, on this very auspicious day of Chötrul Düchen – the Day of Miracles. The first 15 … Read more
February 24, 2024
H.E. Ling Rinpoche Gives Teaching on Jataka Tales on First Day of Nepal’s 32nd Gelug Monlam
ཆོ་འཕྲུལ་སྨོན་ལམ་ཆེན་མོ།སྟོན་པ་ཤཱཀྱ་མུ་ནེས་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་གཉན་ཡོད་ཅེས་བྱ་བའི་ཡུལ་དུ་མུ་སྟེགས་པའི་སྟོན་པ་དྲུག་དང་རྫུ་འཕྲུལ་འགྲན་ནས་སྟོན་པ་དྲུག་འཁོར་དང་བཅས་པ་ཚར་བཅད་དེ་རྣམ་པར་རྒྱལ་བའི་རྗེས་དྲན་དུ་ཆོ་འཕྲུལ་མཆོད་པའི་དུས་སྟོན་ཆེན་མོ་གནང་སྲོལ་ཡོད་པ་བཞིན། བོད་ཁ་བ་གངས་ཅན་གྱི་ལྗོངས་སུའང་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་ལོ་ངོ་དྲུག་བརྒྱ་ལྷག་གི་སྔོན་དུ་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་དུ་གདན་ས་ཆེན་པོ་སེར་འབྲས་དགའ་གསུམ་གཙོ་བོར་གྱུར་པའི་ཕྱོགས་མཐའ་ནས་འདུས་པའི་དགེ་འདུན་ཉིས་ཁྲི་ནས་སུམ་ཁྲི་བར་འཚོགས་ཏེ་འདུས་ཚོགས་སུ་བསྙེན་བཀུར་མཆོད་སྤྲིན་འབུལ་གཤོམ་དང་འབྲེལ་ཉིན་མཚན་ཀུན་ཏུ་ཆོས་སྒྲ་ཆག་མེད་དུ་སྒྲོག་པའི་སྲོལ་གཏོད་མཛད་ནས་བཟུང་ལྷ་ལྡན་སྨོན་ལམ་ཆེན་མོར་འཚུགས་སྲོལ་བྱུང་བ་བཞིན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རྒྱ་གར་དུ་ཆིབས་བསྒྱུར་གནང་རྗེས་གདན་ས་ཁག་དང་། གནས་མཆོག་རྡོ་རྗེ་གདན་། བཞུགས་སྒར་དྷ་རམ་ས་ལ་དེ་བཞིན་བལ་ཡུལ་བཅས་ལ་ཡང་སྨོན་ལམ་ཆེན་མོ་སྔར་རྒྱུན་བཞིན་གནང་སྲོལ་མཆིས། ད་ལན་ཡང་འཇམ་མགོན་བསྟན་པའི་སྲོག་ཤིང་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་བལ་ཡུལ་སྨོན་ལམ་ཆེན་མོའི་དབུ་བཞུགས་སུ་ཆིབས་བསྒྱུར་སྐབས་སྤྱན་རྒྱ་སྤོས་སྣེས་སྔོན་བསུས་ཏེ་བཞུགས་ཁྲིར་འཁོད་རྗེས་སྐྱེས་རབས་གསུང་ཆོས་ཐོག་མར་སྨོན་ལམ་ཆེན་མོའི་བྱུང་རིམ་སྐོར་ལ་བཀའ་སློབ་ཟབ་རྒྱས་གནང་ཞིང་། ཉིན་རྒྱབ་སྨོན་ལམ་དངོས་གཞིར་དབུ་བཞུགས་ཐོག་བསྔོ་བ་དང་བསྟན་འབར་མ་བདེ་སྨོན་བཅས་གསུང་གནང་མཛད་ཅིང་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ། དེ་འཛིན་བསྟན་པའི་སྲོལ་འཛིན་ཆེན་པོ་གང་ན་སུ་བཞུགས་པ་རྣམས་གདུལ་བྱའི་དོན་དུ་བསྐལ་པ་རབ་འབྱམས་ཞིང་གི་རྡུལ་སྙེད་དུ་འཚོ་ཞིང་བཞེས་པ། བསྟན་འཛིན་ཀུན་གྱི་གཙུག་ནོར་འཕགས་མཆོག་འཇིག་རྟེན་གསུམ་མགོན་་ངུར་སྨྲིག་གར་གྱི་རྣམ་པར་རོལ་བ་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱུར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ལྷུན་གྱི་འགྲུབ་པ་དང་། སྐྱེ་རྒུ་མཐའ་དག་གནས་སྐབས་རྫོགས་ལྡན་ཕན་བདེའི་དགའ་སྟོན་ལ་ལོངས་སྤྱོད་ཅིང་། རིང་པོར་མི་ཐོགས་པར་བྱང་ཆུབ་སྙིང་པོའི་གོ་འཕང་ལ་བདེ་བླག་ཏུ་རེག་པའི་རྒྱུར་འགྱུར་བ་བཅས་ཀྱི་སྨོན་ལམ་མཛད།། On 21st February, H.E. Ling Rinpoche gave Jataka teachings on the first day of Nepal’s 32nd Gelug Monlam, which is … Read more
February 17, 2024
H.E. Ling Rinpoche Receives Very Warm Welcome Reception to Nepal by Abbots, Administrators and Monks
࿑ ཕྱི་ལོ།༢༠༢༤ཟླ་བ། ༢ ཚེས། ༡༨ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་བལ་ཡུལ་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཚོགས་པས་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་བལ་ཡུལ་ཀ་ཐ་མན་གྲུ་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་འཁོད་སྐབས་བལ་གཞུང་དགོན་པ་ཡར་རྒྱས་ཚོགས་པའི་ཚོགས་གཙོ་དང་། བལ་ཡུལ་དགེ་ལྡན་ལྷན་ཚོགས། སྐྱིད་གྲོང་བསམ་གཏན་གླིང་། ཀོ་པན་འོག་མིན་བྱང་ཆུབ་ཆོས་གླིང་དགོན། ཤེལ་དཀར་ཆོས་སྡེ་དགའ་ལྡན་ལེགས་བཤད་གླིང་། ཤྲཱི་ཆུ་བཟང་བསམ་གཏན་ཡང་རྩེ་དགོན། ཆུ་དབར་འགྲོ་ཕན་གླིང་། སྒོ་སོག་ཕུན་ཚོགས་ཆོས་གླིང་དགོན། དགའ་ལྡན་བྱམས་མགོན་གླིང་། གྲུབ་དགོན་ཐུགས་རྗེ་ཆོས་གླིང་། ཀོ་པན་བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང་། བཙུན་དགོན་ཐུགས་རྗེ་ཆོས་གླིང་། བལ་ཡུལ་བླ་མ་དགོན། རོང་ཤར་ཆུ་དབར་དགའ་ལྡན་འགྲོ་ཕན་གླིང་སོགས་དགོན་པ་ཁག་དང་། བལ་ཡུལ་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་གཙོ་དང་ཚོགས་གཞོན། དེ་བཞིན་དགོན་པ་ཁག་གི་མཁན་རིན་པོ་ཆེ་དང་། ཕྱག་མཛོད། དགེ་འདུན་པ་དང་མི་དམངས་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་དང་། དེ་རྗེས་ཀོ་པན་འོག་མིན་བྱང་ཆུབ་ཆོས་གླིང་དགོན་དུ་ཕེབས་གདོང་མཛད་སྒོའི་སྐབས་ཀྱི་སྐུ་པར།། On 17th February, H.E. Ling … Read more
February 10, 2024
H.E. Ling Rinopche Receives Serkong Tsenshab Rinpoche at Ling Labrang
࿑ བོད་ཤིང་འབྲུག་ལོའི་དགུང་གསར་སྐབས་དྷ་ས་ཡོངས་འཛིན་གླིང་ཚང་བླ་བྲང་དུ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། གསེར་ཀོང་མཚན་ཞབས་རིན་པོ་ཆེ་རྣམ་གཉིས་ལྷན་དུ་སྒྲོན་པའི་སྐུ་པར། ། On 10th February, H.E. Ling Rinpoche received Serkong Tsenshab Rinpoche at Ling Labrang during the celebration of Losar (Tibetan New Year).
February 10, 2024
H.E. Ling Rinpoche Celebrates First Day of Tibetan and Lunar New Year with Offerings and Prayers
࿑ བོད་ཤིང་འབྲུག་ལོའི་དགུང་གསར་དུས་སྟོན་ཉིན་་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་སྨོན་འདུན་ཤུགས་དྲགས་དང་འབྲེལ་སྣང་གསལ་མར་མེ་ཞལ་དབྱེ་མཛད་ཅིང་། ༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཞལ་སྔ་ནས་ཀྱི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཇལ་དར་བཅས་ཕུལ་ཏེ་མགོན་པོ་གང་ཉིད་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་བསམ་ལྷུན་གྱི་འགྲུབ་པ། ཡངས་པའི་འཇིག་རྟེན་གྱི་ཁམས་འདིར་རང་བྱུང་གནོད་འཚེ་དང་། ནད་མུག་དམག་འཁྲུག་སོགས་སྙིགས་མའི་རྒུད་ཚོགས་ཅི་མཆིས་རང་སར་ཞི་ནས་འཛམ་གླིང་ཞི་བདེར་གནས་པ་དང་འགྲོ་རྣམས་ཆོས་འབྱོར་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པ་སོགས་ཀྱི་སྨོན་ཚིག་གསུང་སྐབས་ཀྱི་སྐུ་པར། H.E. Ling Rinpoche started his first day of the Tibetan and Lunar New Year with offerings to the Three Jewels, offering khatas to Lord … Read more
February 10, 2024
H.E. Ling Rinpoche Wishes Happy Losar and Happy Lunar New Year to All
On 10th February, H.E. Ling Rinpoche sends his warmest greetings and blessings to all on Tibetan New Year and Lunar New Year, which fall on the same day this year. … Read more
January 29, 2024
H.E. Ling Rinpoche Shares Message of Condolences and Prayers for Passing of Kyabjé Doboom Rinpoche
༄༅། །༸སྐྱབས་རྗེ་རྡོ་བུམ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་ཐོས་མ་ཐག་ཧ་ཅང་བློ་ཕམ་གྱི་གནས་སུ་གྱུར། དམ་པ་ཁོང་ནི་༸སྐྱབས་རྗེ་ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་ཆེན་པོ་མཆོག་གི་ཞལ་སྔ་ནས་མདོ་སྔགས་ཆོས་ཚུལ་དུ་མ་གསན་བཞེས་དང་། རིན་པོ་ཆེ་མཆོག་བོད་དུ་བཞུགས་སྐབས་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་དུ་གཞུང་ཆེན་ཁག་ལ་གསན་བསམ་མཛད་ཅིང་། བཙན་བྱོལ་དུ་ཕེབས་ནས་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་སྐུ་སྒེར་ཡིག་ཚང་དང་། ལྡི་ལི་བོད་ཁང་གི་འགན་འཛིན་བཅས་ཀྱི་ཕྱག་ལས་སོགས་ལོ་མང་རིང་གནང་། ངོས་ཀྱང་རིན་པོ་ཆེ་དང་ཆུང་ངུའི་དུས་ནས་བཟུང་ད་བར་ཞལ་མཇལ་དང་ཕན་ཚུལ་ནང་མཆེད་བཀའ་མོལ་ཡང་ཡང་ཞུ་རྒྱུའི་གོ་སྐབས་བྱུང་ཡོད་པ་བཅས། མཐའ་དོན། དམ་པ་གང་གི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པ་དང་སླར་ཡང་བསྟན་འགྲོའི་མགོན་དུ་ཡང་སྲིད་འཁྲུལ་བྲལ་མྱུར་དུ་བྱོན་པའི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་སྨོན་ལམ་ཤུགས་དྲག་དང་བཅས། ཡོངས་འཛིན་གླིང་སྐྱེ་མིང་པས་ཕྱི་ལོ། ༢༠༢༤ ཟླ་བ། ༡ ཚེས། ༢༩ ཉིན། ། I was very sad to receive news of passing of Kyabjé Doboom Rinpoche … Read more
January 26, 2024
H.E. Ling Rinpoche Wishes All Happy 75th Republic Day
Today on 26th January, H.E. Ling Rinpoche sends his warmest greetings to everyone in India on the occasion of India’s 75th Republic Day!