News
November 2025
November 18, 2025
18
࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༡༨ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དགུང་གྲངས་བཞི་བཅུར་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་བསྲུང་བརྩི་གཟབ་རྒྱས་ཞུ་སྐབས་སིང་གྷ་པོར་མཧཱ་ཏཱ་རའི་ཆོས་ཚོགས་དང་། ས་གནས་སུ་ཡོད་པའི་ནང་པའི་ཆོས་ཚོགས་ཁག་དང་། གནད་ཡོད་མི་སྣ། འཛམ་གླིང་ས་ཕྱོགས་གང་ས་ནས་དད་ལྡན་རྣམས་ལྷན་འཛོམས་ཐོག་ཆོས་ཚོགས་ཁག་གི་འགན་འཛིན་ནས་མཎྜལ་སྐུ་གསུང་ཐུགས་རྟེན་དང་། རྗེ་ཚེ་འཛིན་མའི་སྐུ། ཆོས་ཀྱི་འཁོར་ལོ། ཕོ་བྲང་ཆེན་པོ་པོ་ཏ་ལའི་སྣང་བརྙན། བཀྲ་ཤིས་པའི་རྟགས་བརྒྱད་དང་། རྒྱལ་སྲས་སྣ་བདུན་དང་། བཀྲ་ཤིས་རྫས་བརྒྱད་ཀྱི་སྣེ་དྲངས། སྙན་དབྱངས་རྣ་བའི་བདུད་རྩི་མཆོད་པས་མཚོན་སྐུའི་འཁྲུངས་སྐར་མཛད་སྒོ་རྒྱས་འཛོམས་ངང་བསྲུང་བརྩི་ཞུ་སྐབས། །
Today was the very joyous and auspicious celebration of H.E. Kyabjé Yongzin Ling Rinpoche’s 40th Birthday in Singapore, organized by Maha Tare Buddhist Centre, and graced by special guests Mrs. Goh Chok Tong and Ms. Diana Pang, Member of Parliament Singapore.
The celebration gathered around 500 attendees and 30 Sangha members, including special video birthday wishes, and was marked with heartfelt mandala offerings from many Dharma centers with offerings of devotion and deep gratitude from attendees for H.E. Kyabjé Yongzin Ling Rinpoche compassionate guidance and blessings.
It was quite the memorable celebration to honor H.E. Kyabjé Yongzin Ling Rinpoche.






































November 17, 2025
17
࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༡༧ ཉིན་སིང་གྷ་པོར་འོད་དཔག་མེད་ཆོས་ཚོགས་སུ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དགུང་གྲངས་བཞི་བཅུར་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྔ་ནུར་བསྲུང་བརྩི་དང་འབྲེལ་རྗེ་བཙུན་སྒྲོལ་མའི་སྒོ་ནས་ཚོགས་མཆོད་འབུལ་ལམ་ཞུ་སྐབས།
On the eve of the auspicious milestone 40th birthday, H.E. Kyabjé Ling Rinpoche’s visited Amitabha Buddhist Centre-FPMT which offered a birthday eve celebration with offerings from the FPMT Board of Directors, on behalf of all FPMT centers around the world, and also led the Tara Tsog offering.



















November 16, 2025
16
࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༡༤ ནས་བཟུང་ཉིན་གྲངས་གསུམ་རིང་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་སིང་གྷ་པོར་མཧཱ་ཏཱ་རའི་ཆོས་ཚོགས་སུ་ནོར་གྱི་དངོས་གྲུབ་རྩོལ་བའི་ལྷ་མོ་ནོར་རྒྱུན་མ་དང་། བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སེར་ཆེན། དེ་བཞིན་སྒྲོལ་ལྗང་སོགས་ཀྱི་རྗེས་གནང་བཀའ་དྲིན་སྩལ་སྐབས། །
H.E. Ling Rinpoche concluded today three days of profound and heartfelt teachings and initiations at Fuqing Association Singapore, in celebration of the auspicious occasion of Rinpoche’s 40th birthday.
We extend our appreciation to Maha Tare Buddhist Centre for their devoted organization and gracious hosting of these joyous events.

































November 12, 2025
12
࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༡༢ཉིན་ ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སིངྒ་པོར་རྒྱལ་སྤྱིའི་གནམ་ཐང་དུ་ཆིབས་བསྒྱུར་སྐབས་མཧཱ་ཏཱ་ར་ཆོས་ཚོགས་ཀྱི་དགེ་བཤེས་ལགས་དང་ཚོགས་གཙོ། ཚོགས་མི་རྣམས་པ། སྨད་རྒྱུད་གྲྭ་ཚང་གི་དགེ་འདུན་པ་རྣམ་པས་གཙོས་ས་གནས་སུ་ཡོད་པའི་ཆོས་ཚོགས་ཁག་གི་ཚོགས་གཙོ་དང་། དགེ་བཤེས་ལགས། ཚོགས་མི་རྣམས་པ། དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་རྣམ་པས་ལག་ཟུང་དྲི་ཞིམ་མེ་ཏོག་སྤོས་སྣེ་དང་བཅས་དགའ་བསུའི་འཚམས་འདྲི་ཞུ་སྐབས། །
H.E. Kyabjé Ling Rinpoche arrived in Singapore and was warmly welcomed at the airport by the representatives of the various Dharma centers, the monastic community and devotees.










November 11, 2025
11
࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༡༡ཉིན་རྒྱལ་བ་ལྷ་ལས་བབས་པའི་དུས་བཟང་གི་ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་འབྲུག་གི་རྒྱལ་ས་ཐིམ་བུར་འབྲུག་རྒྱལ་བཞི་པ་དཔལ་མི་དབང་མངའ་བདག་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་དགུང་གྲངས་ ༧༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་མཛད་སྒོར་ཆིབས་བསྒྱུར་བསྐྱངས་ཤིང་། མཛད་སྒོའི་ཐོག་
རྒྱ་གར་གྱི་སྲིད་བློན་ཤྲིར་ན་རེན་དྷ་མོ་དྷི་མཆོག་དང་། འབྲུག་རྒྱལ་བློན་སྐུ་འཁོར་ལྷན་རྒྱས། ཆོས་ལུགས་རིས་སུ་མ་མཆིས་པའི་བླ་ཆེན་ཁག་གི་དབུས་མི་གྲངས་༢༧༠༠༠ ལྷན་འཛོམས་ཐོག་མཛད་སྒོ་གཟབ་རྒྱས་ངང་བསྲུང་བརྩི་ཞུ་སྐབས་ཀྱི་སྐུ་པར། །
H.E. Kyabjé Ling Rinpoche participated in the celebrations marking the 70th Birth Anniversary of His Majesty the Fourth Druk Gyalpo, which this year coincided with the holy occasion of Lhabab Düchen (the Descending Day of Lord Buddha).
The celebrations were graced by India’s Prime Minister, His Excellency Shri Narendra Modi, who was the Special Guest of Honor.
The event brought together the entirety of Bhutan—His Majesty and the Royal Family, the government, and over 27,000 people filling the stands, many of whom had gathered since the previous evening.
Foreign guests, including ambassadors, heads of international organizations, and Buddhist masters from around the world who are in Bhutan for the Global Peace Prayer Festival, also joined the celebration.











November 11, 2025
11
H.E. Kyabjé Ling Rinpoche with Her Majesty The Gyaltsuen Jetsun Pema Wangchuck, the Queen of Bhutan, sharing a moment of warmth, respect, and a common dedication to compassion, during the Royal Dinner held in honor of His Majesty the Fourth King, Jigme Singye Wangchuck’s 70th Birthday, and in celebration of Prime Minister Narendra Modi’s visit to Bhutan.

November 11, 2025
11
H.E. Kyabjé Ling Rinpoche shares prayers and warm greetings on this auspicious day of Lhabab Duchen.
On this sacred day, we celebrate the joyous occasion when Shakyamuni Buddha descended from the God Realm of Thirty-Three to benefit all beings. May this holy day bring blessings of wisdom, compassion, and peace to everyone.
November 11, 2025
11
࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༡༡ ཉིན་འབྲུག་རྒྱལ་བཞི་པ་དཔལ་མི་དབང་མངའ་བདག་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་འདི་ལོར་དགུང་གྲངས་ ༧༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་དགའ་གུས་སྤྲོ་གསུམ་གྱིས་འཚམས་འདྲི་ཞུ་བ་དང་ཆབས་ཅིག་མི་དབང་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཅིང་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱི་འགྲུབ་པའི་སྨོན་འདུན་ཞུ་སྐབས། །
࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༥ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་འབྲུག་གི་རྒྱལ་ས་ཐིམ་བུར་”འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་”ཉིན་གཉིས་པའི་ཉིན་འབྲུག་རྒྱལ་བཞི་པ་དཔལ་མི་དབང་མངའ་བདག་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་དང་མཇལ་འཕྲད་སྐབས་ཀྱི་བརྙན་པར།
H.E. Kyabjé Ling Rinpoche sends warm greetings on the auspicious occasion of the 70th Birthday of His Majesty the Fourth Druk Gyalpo Jigme Singye Wangchuck, offering heartfelt respects and prayers.
Your Majesty’s enlightened and compassionate leadership has brought profound benefit to Bhutan and continues to inspire many across the world.
May Your Majesty enjoy long life, excellent health, and the continued fulfillment of all noble aspirations.
On November 5th, H.E. Kyabjé Ling Rinpoche had the honor of meeting His Majesty, during which they engaged in warm, lengthy, and meaningful discussions.

November 10, 2025
10
࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༡༠ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་འབྲུག་གི་རྒྱལ་ས་ཐིམ་བུར་འབྲུག་རྒྱལ་ཁབ་ཀྱི་སྲིད་བློན་སྐུ་ཞབས་ཚེ་རིང་སྟོབས་རྒྱལ་མཆོག་དང་མཇལ་འཕྲད་སྐབས་ཀྱི་སྐུ་པར། །
H.E. Kyabjé Ling Rinpoche met with the Honorable Prime Minister of Bhutan at the Pemako Hotel. They had a warm meeting with many meaningful discussions and exchanges.


November 9, 2025
09
࿑ ཕྱི་ལོ། ༢༠༢༥ ཕྱི་ཟླ། ༡༡ ཚེས། ༩ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་འབྲུག་གི་རྒྱལ་ས་ཐིམ་བུར་འབྲུག་རྒྱལ་བཞི་པ་དཔལ་མི་དབང་མངའ་བདག་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་རྒྱལ་ཡུམ་ཆེན་མོ་ཨ་ཤེ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་དང་མཇལ་འཕྲད་སྐབས་ཀྱི་བརྙན་པར། །
H.E. Kyabjé Ling Rinpoche had a meeting with Her Majesty Gyalyum Ashi Kalsang Chöden Wangchuck.
Her Majesty graciously hosted high tea, and their time together was marked by warm, thoughtful, and meaningful discussions.

